མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཙེ་ཨོ་ཕི་ཡཱ་དང་འཁྱག་གླིང་གིས་སའི་དྲོད་ཀྱིས་གློག་འདོན་པའི་གྲོས་མཐུན་བཀོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕི་ཡཱའི་གློག་ཤུགས་ཀུང་ཟི་ཡིས་སྤྱི་ཟླ10བའི་ཚེས23ཉིན་འཁྱག་གླིང་ལོས་ཁི་ཡཱ་ཝེ་ཁི་སའི་དྲོད་ཀུང་ཟི་དང་མཉམ་དུ་ཡཱ་ཏི་སི་ཡཱ་པེ་པཱ་ནས་མེ་སྒོར་ཐེར་འབུམ་བཞི་ཡིན་པའི་སའི་དྲོད་ཀྱིས་གློག་འདོན་པའི་ལས་གཞིའི་གྲོས་མཐུན་ཞིག་བཀོད་པ་དང་། མིང་ལ་ཁིར་པེ་ཏིས་སུ་འབོད་པའི་སའི་དྲོད་ཀྱིས་གློག་འདོན་པའི་ལས་གཞི་དེ་ལས་འགྲུབ་རྗེས་གློག་འདོན་གྱི་ཚད་ཀྲའོ་ཝ་སྟོང་གཅིག་ལ་བསླེབ་སྲིད།

ཨེ་ཙེ་ཨོ་ཕི་ཡཱའི་གློག་ཤུགས་ཀུང་ཟིའི་སྤྱི་གཉེར་བ་མུས་ཧཱ་ལོས་ཐི་ཡིས་མིང་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། སའི་དྲོད་ཀྱི་ལས་གཞི་དེ་འགྲུབ་རྗེས་ཨེ་ཙེ་ཨོ་ཕི་ཡཱ་ལ་ཚབ་བྱེད་ནུས་ཁུངས་འདོན་སྤྲོད་བྱེད་ཐུབ་ཟེར།

ལོས་ཁི་ཡཱ་ཝེ་ཁི་སའི་དྲོད་ཀུང་ཟིའི་སྤྱི་གཉེར་བ་ཀི་ཝེ་ཚི་མིན་ཏི་ཨར་གྱིས་བསྟན་དོན། ཁིར་པེ་ཏིས་སའི་དྲོད་ཀྱིས་གློག་འདོན་པའི་ལས་གཞི་དེ་ཨེ་ཙེ་ཨོ་ཕི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པ་དང་། བཀོད་སྒྲིག་ལྟར་ན་ལས་གཞི་དེ་དུས་རིམ་གཉིས་སུ་དགར་ནས་སྤེལ་རྒྱུ་ཡིན་ལ། དུས་རིམ་དང་པོའི་ཀྲའོ་ཝ་ལྔ་བརྒྱ་ཅན་དེ་ཉིས་སྟོང་བཅོ་བརྒྱད་ལོར་ཡོངས་འགྲུབ་བྱེད་རྒྱུ་དང་། དུས་རིམ་གཉིས་པ་དེ་ཉིས་སྟོང་ཉེར་གཅིག་ལོར་ཡོངས་འགྲུབ་བྱས་ཏེ་གློག་འདོན་རྒྱུ་ཡིན་ཟེར།

ཨེ་ཙེ་ཨོ་ཕི་ཡཱའི་སའི་དྲོད་ཀྱི་ཐོན་ཁུངས་ཨ་ཧྥེ་རི་ཁ་གླིང་གི་ཨང་གཉིས་པ་ཡིན་པ་དང་། མིག་སྔར་ལག་བསྟར་བྱས་ཆོག་པའི་ཞིབ་འཇུག་བྱ་བ་མང་བོ་བསྒྲུབ་བཞིན་ཡོད། འཁྱག་གླིང་ལ་སའི་དྲོད་བེད་སྤྱོད་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཅིང་། བསྡོམས་རྩིས་བྱས་པ་ལྟར་ན། འཁྱག་གླིང་གི་བརྒྱ་ཆའི་ཉེར་བདུན་གྱི་གློག་ཤུགས་མཁོ་འདོན་ནི་སའི་དྲོད་ལ་བརྟེན་པ་ཡིན་ལ། བརྒྱ་ཆའི་གྱ་བདུན་གྱི་ཁྱིམ་ཚང་གིས་སའི་དྲོད་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག