མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་ལ་དངུལ་ཁང་གི་གཞི་གྲངས་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གསར་འགྱུར་ལས་རིགས་ཀྱིས་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྡོད་དམངས་ཀྱི་དངུལ་ཁང་བརྡ་འཕྲིན་ལྐོག་བལྟ་བྱས་པའི་གནས་ཚུལ་བསྒྲགས་རྗེས། ཡོ་རོབ་གླིང་གྲོས་ཁང་གི་གྲོས་མིས་སྤྱི་ཟླ10བའི་ཚེས23ཉིན་གྲོས་ཆོད་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་སྐབས་སུ་ཨ་མེ་རི་ཁའི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་ལ་དངུལ་ཁང་གི་གཞི་གྲངས་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོ་རོབ་གླིང་གྲོས་ཁང་གི་གྲོས་མིས་ཉིན་དེར་འདེམ་ཤོག་ཉིས་བརྒྱ་དང་བརྒྱད་ཅུ་འཐད་པ་བྱུང་བ་དང་། འདེམ་ཤོག་ཉིས་བརྒྱ་དང་ང་བཞིས་ངོ་རྒོལ་བྱེད་པ། འདེམ་ཤོག་སུམ་ཅུས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་བཅའ་ཁྲིམས་ཀྱི་ཚད་བཀག་མི་ལྡན་པའི་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་བར་ཉིས་སྟོང་བཅུ་ལོར་བཀོད་པའི་འཇིགས་སྐུལ་ཉེས་ཅན་གྱི་དངུལ་ལོར་རྗེས་འདེད་ལས་གཞིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཡོ་རོབ་གླིང་གི་ས་གནས་གསར་འགྱུར་ལས་རིགས་མང་བོས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་བར་འཇིགས་སྐུལ་ངོ་རྒོལ་ཐད་བཀོལ་བའི་དངུལ་ལོར་བརྡ་འཕྲིན་མཉམ་ལས་གྲོས་མཐུན་བཀོད་རྗེས། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ནམ་རྒྱུན་འཛམ་གླིང་ཡོངས་ཀྱི་དངུལ་ཁང་ཚང་མའི་བར་གྱི་དངུལ་ལོར་འཕྲིན་གཏོང་མཐུན་ཚོགས་ཀྱིས་རྒྱུས་ལོན་བྱུང་བའི་མང་ཚོགས་དཀྱུས་མའི་མི་སྒེར་གྱི་དངུལ་ལོར་གཞི་གྲངས་ལ་ལྐོག་བལྟ་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག