མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་དུ་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་མི་སུམ་ཅུ་ལྷག་ལ་ཤི་རྨས་ཐེབས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིང་བཤད་མི་འདོད་པའི་ལེ་པཱ་ནུན་གྱི་བདེ་འཇགས་མི་སྣ་ཞིག་གིས་སྤྱི་ཟླ10བའི་ཚེས23ཉིན་གསར་འགོད་པར་བཤད་རྒྱུར། ལེ་པཱ་ནུན་བྱང་ཕྱོགས་ཀྱི་ཏི་ལེ་པོ་ལི་གྲོང་ཁྱེར་ནས་སི་རི་ཡཱའི་སྲིད་གཞུང་གི་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་བར་ཚེས་ཉེར་གཅིག་ཉིན་གྱི་དགོང་མོ་ནས་བཟུང་དྲག་ཆས་འཁྲུག་རྩོད་བྱུང་བ་དང་། ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་བར་དུ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུར་རྨས་ཕོག་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག