མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་ཕེ་ཅིན་སན་གྱིས་ལྗར་པན་གྱི་བཙན་འཛུལ་ལོ་རྒྱུས་ལ་ཁས་ལེན་བྱེད་ཀྱི་ཡོད་ཅེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-23 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱིས་སྤྱི་ཟླ10བའི་ཚེས་22ཉིན་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་རྩོད་ལན་ཐོག ལྗར་པན་གྱིས་དེ་སྔོན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་གྱོང་གུན་དང་སྡུག་བསྔལ་ཆེན་པོ་བཟོས་ཡོད་པ་དང་། ཨན་ཕེ་ནང་བློན་ཁང་ནས་ལྗར་པན་གྱི་སྐབས་རིམ་བྱུང་སྲིད་གཞུང་ལྟར་ཚུན་ཧྲན་གྱི་གསུང་བཤད་ནང་གི་ལོ་རྒྱུས་ཐད་ཀྱི་ངོས་འཛིན་ལ་རྒྱུད་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

བཙན་འཛུལ་ལོ་རྒྱུས་ཁས་ལེན་བྱེད་པའི་ཚུན་ཧྲན་གསུང་བཤད་ལ་དམིགས་ནས། ཨན་ཕེ་ཅིན་སན་གྱིས། ཨན་ཕེ་ནང་བློན་ཁང་གིས་བཙན་འཛུལ་དང་མེ་སེར་སྤེལ་བའི་དབང་སྒྱུར་ལོ་རྒྱུས་ལ་ཁས་ལེན་བྱེད་ཀྱི་ཡོད་པ་དང་། ལྗར་པན་གྱིས་དེ་སྔོན་རྒྱལ་ཁབ་མང་པོ་དང་ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་གྱོང་གུན་དང་སྡུག་བསྔལ་ཆེན་པོ་སྤྲད་ཡོད། ཚུན་ཧྲན་གསུང་བཤད་ནང་གི་ལོ་རྒྱུས་ཀྱི་ངོས་འཛིན་ཐད། ཨན་ཕེ་ནང་བློན་ཁང་གིས་ཀྱང་སྐབས་རིམ་བྱུང་གི་ནང་བློན་ཁང་གི་ལངས་ཕྱོགས་རྒྱུད་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག