མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་ཁུར་བས་སི་རི་ཡཱའི་སྲིད་གཞུང་གིས་མཉམ་ལས་བཟང་བོ་བྱས་པ་དང་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བར་བྲེལ་བ་ཆེ་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་བྱ་བའི་འགན་ཁུར་མི་སྣ་ཁཱ་ཀི་ཡིས་བཤད་རྒྱུར། རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་བྱ་བར་བྲེལ་བ་ཆེ་བ་ཟེར། ཁོས་ཞོར་དུ་སི་རི་ཡཱའི་སྲིད་གཞུང་གིས་མཉམ་ལས་བཟང་བོ་བྱས་པར་ཁས་ལེན་གང་ལེགས་བྱས།

ཁཱ་ཀི་ཡིས་གསལ་སྒྲོག་སྤེལ་ཏེ། མིག་སངའི་བར་སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་མངག་ཚན་ཆུང་གི་བྱ་བར་མཉམ་ལས་བཟང་བོ་བྱས་པར་ཁོ་མོས་དེར་བཀའ་དྲིན་ཞུས་པ་ཡིན་ཟེར།

དེ་ལས་གཞན་ཁོ་མོས་བསྟན་དོན། 2014ལོའི་ལོ་དཀྱིལ་ལ་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་བྱ་བའི་དམིགས་འབེན་གཏན་འཁེལ་བྱས་པར་དམིགས་ན། ད་ལྟ་དུས་ཚོད་ལ་བྲེལ་བ་ཧ་ཅང་ཆེ་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཀྱང་བསྟན་དོན། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཟེར།

ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མངག་གཏོང་བྱས་པའི་མི་དྲུག་ཅུས་གྲུབ་པའི་ཆེད་མཁས་ཚན་ཆུང་གིས་རྒྱབ་སྐྱོར་མི་སྣ་དང་མཉམ་དུ། ཏཱ་མཱ་ཧྲི་ཀི་རྟེན་གཞི་རུ་བྱས་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་ཐོན་སྐྱེད་དང་ཉར་འཇོག་བྱེད་སར་རྟོ་ཞིབ་དང་གཙང་བཤེར་བྱེད་མགོ་བརྩམས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག