མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མོ་ཙམ་པི་ཁེའི་སྲིད་གཞུང་དམག་གིས་ངོ་རྒོལ་ཏང་གི་འགོ་ཁྲིད་པའི་རྟེན་གཞི་བཟུང་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-23 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཙམ་པི་ཁེའི་སྲིད་གཞུང་དམག་གིས་སྤྱི་སྤྱི་ཟླ10བའི་ཚེས་21ཉིན་ངོ་རྒོལ་ཏང་མོ་ཙམ་པི་ཁེ་རྒྱལ་ཡོངས་འགོག་རྒོལ་ལས་འགུལ་གྱི་འགོ་ཁྲིད་པ་ཏེ་ལ་ཁ་མ་ལོ་གཅིག་ཙམ་གབ་སྡོད་བྱས་པའི་ནགས་ཁྲོད་རྟེན་གཞི་བཟུང་ཡོད་ནའང་ཏེ་ལ་ཁ་མ་བྲོས་ཐར་ཡོད་པ་རེད། མོ་ཙམ་པི་ཁེའི་རྒྱལ་ཡོངས་འགོག་རྒོལ་ལས་འགུལ་གྱིས་དེ་མུར་སྤྱི་ལོ1992ལོར་མོ་ཙམ་པི་ཁེ་སྲིད་གཞུང་དང་་མིང་རྟགས་བཀོད་པའི་ཞི་བདེའི་གྲོས་མཐུན་གོ་མི་ཆོད་པར་གྱུར་བ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད་མོ་ཙམ་པི་ཁེའི་ཞི་བདེའི་རྣམ་པ་དེ་ནས་བཟུང་མཇུག་འགྲིལ་བཟོ་ཡོད་ཅེས་བཤད་འདུག

སྤྱི་ལོ1975ལོར་མོ་ཙམ་པི་ཁེ་རང་བཙན་བྱུང་རྗེས་མོ་ཙམ་པི་ཁེ་རྒྱལ་ཡོངས་འགོག་རྒོལ་ལས་འགུལ་གྱིས་ཡུན་རིང་ནང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཤུགས་བྱེད་སྒོ་སྤེལ་ཡོད་པ་དང་སྤྱི་ལོ1992ལོར་གཞི་ནས་ཕྱོགས་གཉིས་པོས་ཞི་བདེའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཉེ་ལམ་ལོ་ཤས་རིང་མོ་ཙམ་པི་ཁེའི་རྒྱལ་ཡོངས་འགོག་རྒོལ་ལས་འགུལ་གྱིས་མོ་ཙམ་པི་ཁེ་སྲིད་གཞུང་ནས་ཞི་བདེའི་གྲོས་མཐུན་གྱི་ནང་དོན་ལག་བསྟར་ནན་ཏན་བྱས་མེད་པའི་སྐྱོན་འཛུགས་བྱས་པས་ཆབ་སྲིད་ཐད་མཐོང་ཆུང་བྱེད་ཡུལ་དུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག