མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་ནི་རྒྱལ་ཁབ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་ཁག་ཐེག་ཡིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སྤྱི་ཟླ10བའི་ཚེས22ཉིན་བཤད་རྒྱུར། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་ནི་རྒྱལ་ཁབ་ལ་རྒྱལ་ཁ་ཐོབ་པ་དང་། བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་ཁག་ཐེག་ཡིན་ལ། ཨུ་རུ་སི་རྒྱལ་ཁབ་ཀྱིས་མི་གང་རུང་གིས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ཨུ་རུ་སིའི་མི་རིགས་སོ་སོའི་བར་གྲུབ་པའི་མཛའ་བཤེས་ལ་གཏོར་བརླག་བྱེད་པར་ཁས་ལེན་གཏན་ནས་བྱེད་མི་སྲིད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་པཱ་ཧྲི་ཅི་ཨར་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་བུའུ་ཧྥ་གྲོང་ཁྱེར་ནས་ཙུང་ཐུང་ཐད་གཏོགས་ཀྱི་མི་རིགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཆེད་དུ་མི་རིགས་འབྲེལ་བའི་གནད་དོན་ལ་ཞིབ་འཇུག་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། མི་རིགས་བར་གྱི་འཁྲུག་རྩོད་སྔོན་འགོག་བྱེད་པའི་ཐད་ཐེངས་གཅིག་ལ་མ་གཏོགས་ལག་བསྟར་མི་བྱེད་པའི་བྱེད་ཐབས་དེ་དག་ཕན་ནུས་མེད་པས། གོ་རིམ་ལྡན་ཞིང་ཞིབ་རྒྱས་ཀྱི་སྒོ་ནས་མི་རིགས་འཆམ་མཐུན་གྱི་བྱ་བར་ཤུགས་སྣོན་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། འཁྲུག་རྩོད་མང་བོ་ཞིག་ནི་ཉིན་རྒྱུན་གྱི་དོན་དག་ལས་བྱུང་བ་ཡིན་ཞིང་། གལ་ཏེ་མི་རིགས་མི་འདྲ་བ་གཉིས་ཡིན་ཚེ་མྱུར་བ་མྱུར་དུ་ཐལ་སྤྱོད་ཉེས་ཅན་སོགས་མི་ལ་ལས་གོ་སྐབས་དེ་དང་བསྟུན་ནས་མི་རིགས་བར་གྱི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་བཏང་སྟེ། ཁོ་ཚོའི་གུ་དོག་པའི་ཆབ་སྲིད་དམིགས་ཡུལ་མངོན་འགྱུར་བྱེད་བརྩོན་ལེན་བྱེད་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག