མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་གིས་ཨ་རིས་ཧྥ་རན་སིའི་སྤྱི་དམངས་མང་པོ་ཞིག་གི་ཁ་པར་ལྐོག་ཉན་བྱས་པའི་བྱ་སྤྱོད་ལ་ཁ་རྡུང་ནན་པོ་བཏང་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-23 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨའོ་ལའང་ཏེས་སྤྱི་ཟླ10བའི་ཚེས་21ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཞལ་པར་བསྐྱོན་རེས་གནང་སྐབས། ཨ་རིས་ཧྥ་རན་སིའི་སྤྱི་དམངས་མང་པོ་ཞིག་གི་ཁ་པར་ལྐོག་ཉན་བྱས་པའི་དོན་གཞིར་ཁ་རྡུང་ནན་པོ་བཏང་ཡོད་པ་དང་བྱ་སྤྱོད་དེ་རིགས་དང་ལེན་བྱེད་ཐབས་བྲལ་ཡོད་ཅེས་གསུངས་འདུག

ཧྥ་རན་སིའི་ཙུང་ཐུང་ལས་ཤག་ནས་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ལ་གཞིགས་ན། ཨའོ་ལའང་ཏེས་ཨ་རིས་དོན་གཞི་དེའི་ཐད་གསལ་འགྲེལ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད། སྤྱི་བསྒྲགས་ནང་ཞལ་པར་བསྐྱོན་སྐབས་ཨའོ་ལའང་ཏེ་དང་ཨའོ་པ་མས་གསང་འཕྲིན་འཚོལ་བསྡུ་བྱེད་པའི་བྱ་སྤྱོད་ཀྱིས་ངེས་པར་དུ་ཚད་ལྡན་དང་ཚོད་འཛིན་ངེས་གཏན་བཟོ་དགོས་པའི་ནན་བཏོན་གནང་ཡོད་ཅེས་འཁོད་འདུག

གཞན་ཡང་། ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས་སྤྱི་ཟླ10བའི་ཚེས་21ཉིན་ཕ་རི་སིར་འཚོག་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཨ་རིས་ཧྥ་རན་སི་ཚུད་པའི་རྒྱལ་ཁབ་ཁག་ཅིག་དང་མུ་མཐུད་ཕྱོགས་གཉིས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་ཨ་རི་སྲིད་གཞུང་གི་ལས་ཁུངས་ཁག་ཅིག་གིས་ཧྥ་རན་སིའི་སྤྱི་དམངས་ཀྱི་ཁ་པར་ལྐོག་ཉན་བྱས་པའི་དོན་གཞིའི་སྐོར་གྱི་གསར་འགྱུར་ཚན་པས་སྤེལ་བའི་གནས་ཚུལ་ལ་གྲོས་སྡུར་བྱེད་རྒྱུ་རེད་ཅེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག