མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་སླར་གསོ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ10བའི་ཚེས20ཉིན་བདེན་དཔང་བྱས་དོན། ཕཱ་ཁི་སི་ཐན་བར་གྱི་འབྲེལ་བ་ལེགས་བཅོས་བྱས་པ་དང་བསྟུན་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕཱ་ཁི་སི་ཐན་གྱི་དམག་དོན་མ་དངུལ་རོགས་སྐྱོར་སླར་གསོ་བྱེད་བཞིན་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་མགྲིན་ཚབ་པ་ཧཱ་ཧྥུའུ་ཡིས་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ད་ལོའི་དབྱར་ཁར་རྒྱལ་ཚོགས་ལ་བརྡ་བཏང་སྟེ། ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་སླར་གསོ་བྱེད་རྩིས་ཡོད་པའི་ཚུལ་བསྟན་ཡོད་ཟེར། ཁོ་མོས་བཤད་རྒྱུར། 2011ལོ་དང2012ལོར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྲན་རྩོད་བྱུང་སྟེ། བདེ་འཇགས་རོགས་སྐྱོར་གྱི་གོམ་སྟབས་ཇེ་དལ་དུ་སོང་ཡང་། དཔལ་འབྱོར་རོགས་སྐྱོར་མཚམས་ཆད་མེད་ཟེར།

འདས་པའི་ལོ་འགའི་ནང་། ཨ་མེ་རི་ཁ་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང2011ལོར་ཕཱ་ཁི་སི་ཐན་དུ་སོང་ནས། རྟེན་གཞི་རྩ་འཛུགས་ཀྱི་མགོ་བ་པིན་ལཱ་ཏན་བསད། ལོ་དེར་ཨ་མེ་རི་ཁའི་དམག་དཔུང་གིས་ད་རུང་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཕཱ་ཁི་སི་ཐན་གྱི་དམག་མི་ཉེར་བཞི་བསད་པར་མ་ཟད། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཡང་དང་བསྐྱར་དུ་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད།

ཕཱ་ཁི་སི་ཐན་གྱིས་ཨ་མེ་རི་ཁའི་ཕྱོགས་ཀྱིས་རང་གི་བདག་དབང་ལ་རྒོལ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་གྱིས་ཐཱ་ལེ་པན་དང་དྲག་ཆས་རྩ་འཛུགས་གཞན་པར་ཆམ་ཕབ་གཏོང་བར་བརྩོན་སེམས་ཆེན་པོ་མེད་པ་དང་། ཕཱ་ཁི་སི་ཐན་གྱི་གསང་འཕྲིན་སྡེ་ཁག་གིས་ལྐོག་ནས་དྲག་ཆས་རྩ་འཛུགས་བར་འབྲེལ་གཏུག་བྱེད་བཞིན་ཡོད་པར་བཤད།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་སྤྱི་ཟླ10བའི་ཚེས19ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཚོགས་ལ་བརྡ་བཏང་སྟེ། ཕཱ་ཁི་སི་ཐན་ལ་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་གི་དཔལ་འབྱོར་དང་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྩིས་ཡོད་པ་དང་། གཙོ་བོ་ཕཱ་ཁི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་ཆམ་ཕབ་ཏུ་གཏོང་བའི་འགུལ་སྐྱོད་ལ་རོགས་རམ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག