མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་མེ་འཁོར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

1.jpg

འགས་གཏོར་བྱུང་སའི་ཡུལ་དངོས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་མེ་འཁོར་ཞིག་ལ་སྤྱི་ཟླ10བའི་ཚེས21ཉིན་འགས་གཏོར་འཇབ་རྒོལ་ཐེབས་ཏེ་ལྕགས་ལམ་ལས་བརྒལ་བ་དང་། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག

    ཕཱ་ཁི་སི་ཐན་གྱི་དཔོན་རིགས་རེ་འགས་བཤད་རྒྱུར། ལྕགས་ལམ་ཐོག་ཏུ་འགད་རྫས་བཞག་ཡོད་པ་དང་། འགྲུལ་སྐྱེལ་མེ་འཁོར་དེ་ནཱ་ཞི་ལཱ་པཱ་ཏི་ས་ཁུལ་གྱི་མེ་འཁོར་ས་ཚིགས་ཤིག་བརྒྱུད་སྐབས། རྒྱང་བསྒྱུར་ལ་བརྟེན་ནས་འགས་གཏོར་བཏང་བ་རེད་ཟེར།

    འགས་གཏོར་བྱུང་ས་དེ་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ཡི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་ལྔ་བཅུའི་མཚམས་ཡིན་པ་དང་། ཞིང་ཆེན་སྲིད་གཞུང་གི་དཔོན་རིགས་ཅི་ལཱ་ནེ་ཡིས་བཤད་རྒྱུར། དེ་ནི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་དང་། དམིགས་ཡུལ་ནི་འགྲུལ་སྐྱེལ་མེ་འཁོར་མེད། དོན་རྐྱེན་དེ་ལས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བདུན་ལྷག་ལ་རྨས་ཕོག་ཟེར།

    ས་གནས་དཔོན་པོ་པུའུ་ཧཱ་ལི་ཡིས་བདེན་དཔང་བྱས་དོན། མེ་འཁོར་ལ་འགས་གཏོར་འཇབ་རྒོལ་ཐེབས་རྗེས་ལྕགས་ལམ་ལས་བརྒལ་པ་དང་། འགས་གཏོར་གྱི་ཤུགས་ཆེ་བའི་དབང་གིས་འཁོར་སྒམ་གཅིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། ཁོས་ནང་དོན་ཞིབ་རྒྱས་གསལ་བོར་མ་བཤད།

    གནས་སྐབས་སུ་ད་རུང་མེ་འཁོར་དེའི་ནང་འགྲུལ་བ་ག་ཚོད་དྲུད་ཡོད་པ་མི་ཤེས་ལ། དབང་འཛིན་ལས་ཁུངས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཐོབ་ཐང་གསལ་བོ་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག