མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཟླ11པར་འཚོག་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་སྤྱི་ཟླ10བའི་ཚེས20ཉིན་བཤད་རྒྱུར། སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་དེ་ཚོད་དཔག་བྱས་ན་སྤྱི་ཟླ11པའི་ཚེས23ཉིན་ནས་ཚེས24ཉིན་བར་འཚོག་རྒྱུ་རེད་ཟེར།

ཨ་ལཱ་པུས་ཀྱིས་ཉིན་དེར་ཁེ་རོ་ན་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་ལ་ཐུག་འཕྲད་བྱས་ཏེ། སི་རི་ཡཱའི་གནད་དོན་གྱི་འགྱུར་ལྡོག་གསར་བ་དང་སི་རི་ཡཱའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་གྲོས་བསྡུར་བྱས་ནས། སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་གྲ་སྒྲིག་བྱས།

པུའུ་ལཱ་ཞི་མུས་ཀྱིས་བསྟན་དོན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་སྲིད་ཟེར།

པུའུ་ལཱ་ཞི་མུས་ཀྱིས་ཉེ་སྔོན་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་པ་དང་། ཁོ་ད་རུང་སི་རི་ཡཱ་དང་དབྱི་ལིང་རྒྱལ་ཁབ་ཏུ་འགྲོ་རྒྱུ་རེད། ཐེངས་འདིའི་ས་ཁོངས་རང་བཞིན་གྱི་འཚམས་འདྲི་དེ་ནི་པུའུ་ལཱ་ཞི་མུས་ཀྱིས་གྲོས་ཚོགས་བསྡུ་བར་གྲ་སྒྲིག་བྱེད་པའི་ཆེད་དུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག