མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-21 11:36

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེན་རྟོག་ཕྱོགས་དང་རྒུད་སྐྱོབ་མི་སྣས་བཤད་པ་ལྟར་ན། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ཚེས20ཉིན་འགད་རྫས་གང་དྲུད་པའི་རླངས་འཁོར་ཞིག་བསྐོར་ནས། རྒྱལ་ས་པཱ་ཀ་ཏཱའི་ཟ་ཁང་ཆུང་བ་ཞིག་གི་ཕྱི་རོལ་ནས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རླངས་འཁོར་འགས་གཏོར་དོན་རྐྱེན་དེ་པཱ་ཀ་ཏཱའི་མཁར་ལྷོའི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་འདུས་སྡོད་བྱེད་སའི་ཨ་མུས་ཨར་ས་ཁུལ་ནས་བྱུང་བ་དང་། རྒུད་སྐྱོབ་མི་སྣས་བཤད་རྒྱུར། འགས་གཏོར་དེ་ལས་ད་རུང་ཉུང་མཐར་ཡང་མི་ལྔ་བཅུ་ལ་རྨས་ཕོག་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་མཁན་གྱིས་ད་ལོའི་དམིགས་ཡུལ་ནི་པཱ་ཀ་ཏཱ་དང་དབྱི་རག་གི་ས་ཆ་སོ་སོའི་ཟ་ཁང་ཆུང་བ་དང་ཇ་ཁང་། དེ་མིན་མི་མང་བོ་འཁོར་སའི་གནས་ཏེ་ཚོང་ར་དང་དབྱི་སི་ལན་ཆོས་ཁང་། རྐང་རྩེད་སྤོ་ལོའི་ར་བ་སོགས་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག