མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་རྒྱལ་སྤྱིུའི་ནོར་སྲིད་ཚོགས་ཁག་དང་མཉམ་དུ་དཔལ་འབྱོར་གསར་སྤེལ་ས་ཁུལ་འཛུགས་འདོད་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:16

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས17ཉིན་གྱི་དགོང་མོར་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་སྤྱིའི་ནོར་སྲིད་ཚོགས་ཁག་བར་གྲོས་མཐུན་བཀོད་དེ། མི་འགྱངས་པར་ཁའེ་ཁྲིན་གྱི་མཐོ་གསར་ལག་རྩལ་གསར་སྤེལ་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ནོར་སྲིད་ཚོགས་ཁག་དེ་སིང་ག་ཕོར་ཡུས་ལིང་བློ་འདྲིའི་ཀུང་ཟི་དང་། ཧུའུ་ཅིན་པེའོ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི། ཞང་ཀང་པཱ་མཱ་ཏན་ནཱ་བཟོ་སྐྲུན་ཚད་ཡོད་ཀུང་ཟི་སོགས་འདུས་པའི་ཨེ་ཤ་ཡཱ་ཤར་མ་དང་དབུས་ཤར་ས་ཁུལ་གྱི་མིང་གྲགས་ཆེ་བའི་ཁེ་ལས་ཀྱིས་གྲུབ་ཡོད། ནོར་སྲིད་ཚོགས་ཁག་དེས་ཁྲའོ་ཞན་འབྲེལ་ཡོད་ལས་ཁུངས་བར་གྲོས་མཐུན་བཀོད་དེ། མཉམ་ལས་བྱས་ཏེ་ཁའེ་ཁྲིན་གྱི་མཐོ་གསར་ལག་རྩལ་གསར་སྤེལ་ས་ཁུལ་དང་། ཕེན་རང་རྒྱལ་སྤྱིའི་གནམ་གྲུའི་ཐང་ནས་ཕེན་རང་གྲོང་ཁྱེར་བར་གྱི་བཀག་པའི་རང་བཞིན་གྱི་རིན་ལེན་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། བསྒྲགས་པ་ལྟར་ན་ལས་གཞི་དེ་མི་འགྱངས་པར་ལས་མགོ་རྩོམ་རྒྱུ་རེད།

ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པས་ཚེས་བཅོ་བརྒྱད་ཉིན་ཁྲའོ་ཞན་གྱི་བྱེད་ཐབས་ཐད་ནས་དཔྱད་གླེང་མ་སྤེལ་ཡང་། ལས་གཞི་དེ་དག་ད་ཡོད་ཀྱི་ཁའེ་ཁྲིན་བཟོ་ལས་ར་བར་འབྲེལ་བ་མེད་པ་ནན་བཤད་བྱས།

ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཁྲའོ་ཞན་གྱིས་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁ། ཀྲུང་གོའི་ཞང་ཀང་། མཱ་ལེ་ཞི་ཡཱ། ཡོ་ནན། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་མཁས་པ་དང་། དེ་མིན་ཁྲའོ་ཞན་ཕྱོགས་ཀྱི་ཆེད་མཁས་པ་བཅུ་ཕྲག་འགའ་དམིགས་བསལ་དཔལ་འབྱོར་ས་ཁུལ་གསར་སྤེལ་བྱེད་པའི་ཕེན་རང་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུར་གདན་ཞུ་བྱས་ཏེ། ཁྲའོ་ཞན་གྱི་ཕྱི་ཕྱོགས་དཔལ་འབྱོར་སྲིད་ཇུས་དང་། ཁྲའོ་ཞན་དམིགས་བསལ་ས་ཁུལ་དབུ་བརྙེས་པའི་བརྒྱུད་རིམ་དང་ད་ལྟའི་གནས་ཚུལ། དམིགས་བསལ་ས་ཁུལ་གྱི་བཅའ་ཁྲིམས་མ་ལག དེ་མིན་དམིགས་བསལ་ས་ཁུལ་གྱི་གསར་སྤེལ་མདུན་ལྗོངས། རྒྱལ་སྤྱིའི་མཉམ་ལས་བཅས་མཚམས་སྦྱོར་བྱས་པར་མ་ཟད། རྒྱལ་ཁབ་སོ་སོའི་དམིགས་བསལ་ས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་ཐད་ནས་བརྗེ་རེས་བྱས།

ཐེངས་འདིའི་ཞིབ་བསྡུར་ཚོགས་འདུའི་སྟེང་། ཁྲའོ་ཞན་གྱིས་ད་རུང་ཁྲའོ་ཞན་དཔལ་འབྱོར་གསར་སྤེལ་མཐུན་ཚོགས་དངོས་སུ་བཙུགས་ཏེ། རྒྱལ་ཁབ་གཞན་པའི་ཁེ་ལས་དང་ཚོགས་ཁག་གིས་ཁྲའོ་ཞན་གྱི་དཔལ་འབྱོར་ས་ཁུལ་ལ་རྒྱུས་ལོན་བྱེད་པ་དང་དཔལ་འབྱོར་ས་ཁུལ་ལ་རོགས་སྐྱོར་བྱེད་དུ་འཇུག་པར་བརྩོན་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག