མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་དགེ་རྒན་གྱིས་ལས་བྱོལ་བྱས་ཏེ་ཟླ་ཕོགས་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:54

2.jpg

ལས་བྱོལ་བྱེད་པའི་དགེ་རྒན་དག་གིས་ཟླ་ཕོགས་ཁ་སྣོན་བྱེད་དགོས་པའི་ཡིག་བྱང་བཟུང་ཡོད་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ས་ཁུལ་རེ་འགའི་དགེ་རྒན་གྱིས་ཚེས17ཉིན་གཞི་རྒྱ་ཆེ་བའི་ལས་བྱོལ་བྱས་པས། སློབ་གྲྭ་སྟོང་གཉིས་དང་དྲུག་བརྒྱ་ལྷག་གིས་སྒོ་བརྒྱག་དགོས་བྱུང་།

  བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ས་ལོན་ཏོན་དང་ཁན་པུའུ་ལི་ཡཱ། དེ་མིན་དབྱིན་ཀི་ལན་ཤར་ལྷོ་དང་། བྱང་ཤར། ལྷོ་ནུབ་བཅས་ས་ཁུལ་མི་ཉུང་བ་ཞིག་གི་དགེ་རྒན་རྣམས་ཀྱིས་ཟླ་ཕོགས་དང་རྒན་གསོའི་མ་དངུལ་གྱི་གནད་དོན་དབང་གིས་ལས་བྱོལ་བྱས་ཟེར།

  སློབ་གསོ་པུའུ་ཡིས་བཤད་རྒྱུར། དགེ་རྒན་ལས་བྱོལ་བྱས་པའི་ས་ཁུལ་གྱི་སློབ་གྲྭ་སྟོང་གཉིས་དང་དྲུག་བརྒྱ་ལྷག་གིས་སྒོ་བརྒྱབ་པ་དང་། སློབ་གྲྭ་སྤྱིའི་ཁ་གྲངས་ཀྱི་བརྒྱ་ཆའི་ཉེར་བདུན་ཟིན་ཡོད་ཟེར།

  ཐེངས་འདིའི་ལས་བྱོལ་གྱི་འབྱུང་རྐྱེན་ནི་སློབ་གསོའི་བློན་ཆེན་མེད་ཁི་ཨར་ཀི་ཧྥུའུ་ཡི་གྲོས་གཞི་ཞིག་ལས་བྱུང་བ་རེད། གྲོས་གཞི་དེ་ལྟར་ན། དབྱིན་ཇིའི་དགེ་རྒན་གྱི་ཟླ་ཕོགས་དེ་རང་རང་གི་བྱ་བའི་གྲུབ་འབྲས་དང་འབྲེལ་ཏེ། བྱ་བ་སྔར་ལས་ཇེ་མང་དུ་འགྲོ་སྲིད་ལ། རྒན་གསོའི་མ་དངུལ་སྟེར་བའི་ལམ་ལུགས་ལའང་འགྱུར་ལྡོག་འབྱུང་སྲིད།

  དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་བཤད་རྒྱུར། ཐེངས་འདིའི་ལས་བྱོལ་གྱིས་ཁྱིམ་བདག་ལ་སྟབས་བདེ་མིན་པ་དང་བྱིས་པའི་སློབ་གསོར་གནོད་པ་བཟོ་ཡོད་ཟེར།

  རྒྱལ་ཡོངས་ཀྱི་དགེ་རྒན་བཟོ་ཚོགས་ཀྱི་འགན་ཁུར་བ་པུའུ་ལོ་ཨར་གྱིས་བཤད་རྒྱུར། ལས་བྱོལ་བྱེད་པ་ལས་ཁོ་ཚོར་གདམ་གསེས་གཞན་པ་གང་ཡང་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག