མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་སྤྱི་གཉེར་བློན་ཆེན་ཞིན་ཐིན་དབྱེ་ཞའོ་དང་བཅས་པའི་རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་དང་དྲུག་ཅུས་ཚེས་བཅོ་བརྒྱད་ཉིན་ཅིན་གོ་ལྷ་ཁང་ལ་མཇལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:52

1.jpg

འཇར་པན་གྱི་སྤྱི་གཉེར་བློན་ཆེན་ཞིན་ཐིན་དབྱེ་ཞའོ་དང་བཅས་པའི་རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་དང་དྲུག་ཅུས་ཚེས18ཉིན་ཅིན་གོ་ལྷ་ཁང་ལ་མཇལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་སྟེགས་ཀྱི་བག་འཁུམ་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། ད་ལོར་ཅིན་གོ་ལྷ་ཁང་ལ་མཇལ་བའི་འཇར་པན་གྱི་གྲོས་མིའི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད། གྲོས་མི་ལ་ལས་ད་རུང་འཇར་པན་གྱི་ཆབ་སྲིད་མགོ་ཁྲིད་པས་མུ་མཐུད་དུ་ཅིན་གོ་ལྷ་ཁང་ལ་མཇལ་ན་ད་གཟོད་ཕྱི་འབྲེལ་གྱི་འགལ་བ་སྔོན་འགོག་བྱེད་ཐུབ་པའི་ཚུལ་མིན་གྱི་གཏམ་བཤད་སྤེལ་བཞིན་ཡོད།

  དེ་ནི་ཞིན་ཐིན་དབྱེ་ཞའོ་ཡིས་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་འཇར་པན་ལ་ཕམ་ཉེས་བྱུང་བར་རྗེས་དྲན་བྱེད་པའི་ཉིན་མོའི་རྗེས་སུ་ཐོག་དང་པོར་ཅིན་གོ་ལྷ་ཁང་ལ་མཇལ་བ་རེད། ཉིན་དེར་ཁོས་ད་རུང་རང་གིས་མ་དངུལ་བཏང་སྟེ་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་དངོས་རྫས་ཕུལ་བ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད། ཞིན་ཐིན་དབྱེ་ཞའོ་ཡི་ཨ་མྱེས་ནི་ལིག་ཧོང་གླིང་ཕྲན་དུ་བཅའ་སྡོད་བྱེད་པའི་འཇར་པན་དམག་དཔུང་གི་དམག་དཔོན་ཡིན་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་ལིག་ཧོང་གླིང་ཕྲན་ལ་དཔུང་འཇུག་བྱེད་པའི་འཐབ་འཁྲུག་ཁྲོད་བསད་པ་རེད་ཟེར།

  དེ་ལས་གཞན་རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་དང་དྲུག་ཅུ་ཙམ་གྱིས་ཉིན་དེར་ཅིན་གོ་ལྷ་ཁང་ལ་མཇལ་བ་དང་། འཇར་པན་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་ཀྱི་གྲོས་མིའི་སྤྱིའི་མི་གྲངས་ཀྱི་ལྔ་ཆའི་གཅིག་ལས་བརྒལ་ཡོད།

ད་ལོའི་ཟླ་བཞི་བའི་དཔྱིད་ཀའི་མཆོད་འབུལ་ཆེན་མོའི་སྐབས་སུ། གྲོས་མི་བརྒྱ་དང་རེ་དྲུག་གིས་ཅིན་གོ་ལྷ་ཁང་ལ་མཇལ་བ་དེས་གྲོས་མི་ཆེས་མང་བའི་ཟིན་ཐོ་བསྐྲུན།

  འཇར་པན་བག་འཁུམ་ཏང་གི་ཆབ་སྲིད་དཔོན་པོས་བལྟས་ན། ཁོ་ཚོས་ཅིན་གོ་ལྷ་ཁང་ལ་མཇལ་བ་དེ་ཨ་མེ་རི་ཁའི་མིས་ཨ་ལིན་ཏོན་རྒྱལ་ཁབ་བང་སོར་མྱ་ངན་ཞུ་བ་དང་ཁྱད་པར་མེད་པར་འདོད།

  རང་དབང་དམངས་གཙོ་ཏང་གི་མཐོ་རིམ་དཔོན་པོ་ཀའོ་ཧྲི་ཙོ་མེའོ་ཡིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ཅིན་གོ་ལྷ་ཁང་ལ་མཇལ་དགོས་པ་དང་། དེ་ནི་མཇལ་ཕྱག་གནད་དོན་དེ་ཕྱི་འབྲེལ་གནད་དོན་ཞིག་ཏུ་འགྱུར་བར་བྱེད་པའི་བྱེད་ཐབས་ཉག་ཅིག་རེད་ཟེར།

  ཅཱ་ཐིན་ཧྲིན་ཞིན་གྱིས་ཀྱང་ཉིན་དེར་ཅིན་གོ་ལྷ་ཁང་ལ་མཇལ། ཁོས་དེའི་རྗེས་ཀྱི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཇལ་ཕྱག་བྱ་སྤྱོད་ལ་དག་འབུད་བྱས་ཏེ་བཤད་རྒྱུར། ངས་བལྟས་ན། རང་ཉིད་ཀྱི་ཚེ་སྲོག་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བའི་མི་དེ་དག་གི་རྣམ་ཤེས་བདེ་འཚམས་ཡོང་བར་གསོལ་འདེབས་བྱེད་པ་ནི་ཆེས་སྤྱིར་བཏང་གི་དོན་ཞིག་རེད་ཟེར།

  ཁོས་ཞོར་དུ་ད་རུང་བསྟན་དོན། འཇར་པན་སྲིད་གཞུང་གིས་མུ་མཐུད་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་དགོས་པའི་ཚུལ་བསྟན་པ་དང་། ཅིན་གོ་ལྷ་ཁང་གི་གནད་དོན་དེས་ཕྱི་ཕྱོགས་འབྲེལ་བར་གནོད་པ་མི་ཐེབས་པའི་རེ་བ་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག