མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་བར་ཁས་ལེན་མི་བྱེད་ཅེས་བསྒྲགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ཚེས18ཉིན་ཁྱབ་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་བར་ཁས་ལེན་བྱེད་རྒྱུ་མིན་ཟེར། གནས་ཚུལ་དེས་མཉམ་འབྲེལ་རྒྱལ་ཚོགས་ཕྱི་ནང་ཚང་མ་ཧ་ལས་སུ་བཅུག

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་ཐོག་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་ཏི་ཨ་རབ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཏུ་བདམས་པར་བཀའ་དྲིན་ཞུས་པར་མ་ཟད། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་སྔར་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དགོངས་དོན་དང་རྩ་དོན་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ནས་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་དང་། ལི་ཐའོ་ཝན། ཀྲ་ཏི། ནེ་ཀྲི་རི་ཡཱ། ཀྲི་ལི་བཅས་རྒྱལ་ཁབ་ལྔ་བོ་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་འདེམ་ཤོག་འཕང་ནས་མིག་སྔའི་བར་ཉིན་ཞག་གཅིག་ལས་འགོར་མེད་ལ། སོ་ཏི་ཨ་རབ་རྒྱལ་ཁབ་ལ་འདེམ་ཤོག་བརྒྱ་དང་དོན་དྲུག་ཐོབ་ཡོད།

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་ཁུར་བར་དང་ལེན་མ་བྱས་པའི་རྒྱུ་མཚན་གཙོ་བོ་ནི། སོ་ཏི་ཨ་རབ་ཀྱིས་བལྟས་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་འཐབ་འཁྲུག་མཇུག་སྒྲིལ་བར་བྱ་ཐུབ་མེད་པ་དང་། པཱ་ཧྲ་ཨར་སྲིད་དབང་ལ་བཀག་སྡོམ་བྱས་ཡོད་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཕན་ནུས་ལྡན་པར་ཐག་གཅོད་བྱས་ཏེ་ཀྲུང་ཏུང་གི་ཞི་བདེ་ལ་ཡར་སྐུལ་གྱི་ནུས་པ་ཐོན་མེད་པར་འདོད་ཡོད་པས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག