མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུའི་ཙུང་ལི་མེ་དེ་ཝོས་ཇེ་ཕུས་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་མཉམ་ལས་རྒྱ་ཆེར་གཏོང་ཐུབ་པའི་རེ་འབོད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས18ཉིན། ཨུ་རུ་སུའི་ཙུང་ལི་མེ་དེ་ཝོས་ཇེ་ཕུས་ཧྲེང་སྦི་དེ་སྦའོ་རུ། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་མཉམ་ལས་རྒྱང་ཤར་ས་ཁུལ་ནས་ཨུ་རུ་སུའི་ས་ཁུལ་གཞན་གྱི་ཁུལ་དུ་རྒྱ་ཆེར་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག མེ་དེ་ཝོས་ཇེ་ཕུས། ཀྲུང་གོ་ནི་ཨུ་རུ་སུའི་དཔལ་འབྱོར་མཉམ་ལས་རོགས་པ་ཨང་དང་པོར་གྱུར་ཟིན་ཡོད། ཕྱོགས་གཉིས་བར་གྱི་མ་འཇོག་མཉམ་ལས་ནི་ཚད་གཞི་ངེས་གཏན་ཞིག་གི་ཐོག་ནས་བཤད་ན་དཔལ་འབྱོར་ཉོ་ཚོང་ལས་དེ་བས་གལ་ཆེ་བ་ཡོད། དེར་བརྟེན་ཨུ་རུ་སུ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་རྒྱང་ཤར་ས་ཁུལ་ཁོ་ན་མིན་པར། ཨུ་རུ་སུའི་ས་ཁུལ་གཞན་དུ་གོང་འཕེལ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས།

མེ་དེ་ཝོས་ཇེ་ཕུས་ཨུ་རུ་སུའི་ཐད་ཀར་དཔལ་འབྱོར་མ་འཇོག་ཐེབས་རྩ་ལྷན་ཚོགས་ཀྱིས་ཧྲེང་སྦི་དེ་སྦའོ་གྲོང་ཁྱེར་གྱི་ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་རྣམ་གྲངས་རབ་དང་རིམ་པར་རྒྱབ་སྐྱོར་བྱས་ཆོག་པའི་དབང་ཆ་སྤྲད་འདུག དེའི་ནང་ཁེ་སླ་སེ་ནོར་ཤེ་ལེ་སེ་ཅིའི་ཁུལ་དུ་ཡང་བའི་བཟོ་ལས་ཁུལ་འཛུགས་རྒྱུ་དང་། ཀྲུང་གོས་མ་འཇོག་བྱས་པའི་རྣམ་གྲངས་སྤོ་ལོ་ཏིས་རྒྱ་མཚོའི་མུ་ཏིག་གླིང་དུ་སྐྱོད་སའི་ལྕགས་ལམ་འདིང་རྒྱུ་སོགས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག