མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་མཐོ་རིམ་ཀྲོན་ཡོན་ལས་ཁུངས་ཀྱིས་སི་རི་ཡའི་ཡུལ་གྱར་བའི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་རེ་འབོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་མཐོ་རིམ་ཀྲོན་ཡོན་ལས་ཁུངས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་འགག་སྒོ་ཕྱེ་ནས། རྒྱལ་མཚམས་བརྒལ་ཏེ་ཉེན་གཡོལ་བྱེད་མཁན་སི་རི་ཡའི་ཡུལ་གྱར་བ་ཚང་མའི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་རེ་འབོད་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་མཐོ་རིམ་ཀྲོན་ཡོན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧྥུ་ལའེ་མིང་གིས། མིག་སྔར་སི་རི་ཡའི་ཡུལ་གྱར་བ་དེ་བས་མང་བ་ཨ་ཧྥེ་རི་གླིང་བྱང་མའི་རྒྱལ་ཁབ་ནས་ཏིས་ཀྲུང་རྒྱ་མཚོ་བརྒྱུད་དེ་ཡོ་རོབ་གླིང་ལ་ཉེན་གཡོལ་དུ་སྐྱོད་བཞིན་ཡོད། ལམ་བར་དང་མཐའ་མཚམས་བརྒྱུད་སྐབས་དཀའ་ཚེགས་དང་འགོག་རྐྱེན་མང་པོ་འཕྲད་ཀྱི་ཡོད་པ་དང་། མཚོ་ཐོག་ཏུ་རྐྱེན་ལམ་དུ་ཤོར་སྲིད་པའི་ཉེན་ཁ་ཆེན་པོ་ཡོད། ཡོ་རོབ་གླིང་དུ་བསྐྱོད་མཁན་སི་རི་ཡའི་ཡུལ་གྱར་བ་ཁ་ཤས་ཨ་ཧྥེ་རི་ཁ་གླིང་བྱང་མའི་རྒྱལ་ཁབ་ཁག་གཅིག་ཏུ་ངལ་གསོ་རྒྱག་སྐབས། འདྲ་མཉམ་མེད་པའི་གནད་དོན་ཐོན་གྱི་ཡོད་པ་སྟེ། གཟུགས་པོར་རྡུང་རྡེག་དང་། སྐད་ཐོག་འཇིགས་སྐུལ་ཕོག་པ་མ་ཟད། ཐ་ན་འཛིན་བཟུང་དང་། བཀག་ཉར། ཕྱིར་འབུད་གཏོང་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་མཐོ་རིམ་ཀྲོན་ཡོན་ལས་ཁུངས་ཀྱིས་སི་རི་ཡའི་ཡུལ་གྱར་བ་དེ་རྣམས་ལ་འཕྲད་པའི་དཀའ་ངལ་ལ་སེམས་ཁྲལ་ཆེན་པོ་འདུག་ཅེས་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ནང་དུ་གདོང་གཏུག་ཤོར་བའི་རྐྱེན་གྱིས་རྒྱལ་ཁབ་གཞན་དུ་མི་འབྲོ་ཀ་མེད་ཆགས་པའི་སི་རི་ཡའི་ཡུལ་གྱར་བའི་མི་གྲངས་ས་ཡ་གཉིས་དང་ཆིག་འབུམ་ལས་བརྒལ་ཡོད་པ་དང་། སི་རི་ཡའི་རྒྱལ་ནང་དུ་ད་དུང་ཆགས་ས་བརྟེན་ས་མེད་པའི་མི་གྲངས་ས་ཡ་བཞི་དང་ཉིས་འབུམ་ལྔ་ཁྲི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག