མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཆེད་མཁས་ཚན་ཆུང་གིས་རྫས་འགྱུར་མཚོན་ཆར་འབྲེལ་བའི་ས་གནས་བཅུ་བཞིར་དཔྱད་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་མངའ་ཁོངས་སུ་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཆེད་མཁས་ཚན་ཆུང་གིས་ཚེས18ཉིན་བཤད་རྒྱུར། ཚན་ཆུང་དེས་རྫས་འགྱུར་མཚོན་ཆར་འབྲེལ་བའི་ས་གནས་བཅུ་བཞིར་དཔྱད་ཞིབ་བྱས་ཟེར།

ཉིན་དེར་ཚན་ཆུང་དེས་སྤེལ་བའི་གསལ་སྒྲོག་ཐུང་ངུ་ཞིག་ལས་བརྗོད་པ་ལྟར་ན། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆར་དཔྱད་ཞིབ་བྱེད་པའི་མཉམ་འབྲེལ་ཆེད་མཁས་ཚན་ཆུང་གིས་མིག་སྔའི་བར་སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆར་འབྲེལ་བའི་ས་གནས་བཅུ་བཞིར་དཔྱད་ཞིབ་བྱས་ཟེར།

དེའི་སྔོན་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱའི་མངའ་ཁོངས་སུ་ཡོད་པའི་མཉམ་འབྲེལ་ཆེད་མཁས་ཚན་ཆུང་གི་མི་སྣ་དང་འབྲེལ་ཡོད་ལས་བྱེད་མི་སྣའི་ཁ་གྲངས་མི་དྲུག་ཅུར་བསླེབས་པ་དང་། ཚན་ཆུང་དེས་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ལ་འདོན་སྤྲོད་བྱས་པའི་རྫས་འགྱུར་མཚོན་ཆའི་འབྲེལ་ཡོད་བརྡ་འཕྲིན་ལ་དཔྱད་ཞིབ་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར།

གཞན་ཡང་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཆེད་མཁས་ཚན་ཆུང་དེས་སི་རི་ཡཱ་དང་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་མཉམ་ལས་སྒྲོམ་གཞིའི་འོག་རྫས་འགྱུར་མཚོན་ཆར་འབྲེལ་བའི་ས་གནས་མང་བོར་དཔྱད་ཞིབ་བྱས་པར་མ་ཟད། རྫས་འགྱུར་མཚོན་ཆ་བཟོ་སྐྲུན་དང་སྒྲིག་སྦྱོར་བྱེད་པའི་སྒྲིག་ཆས་རེ་འགའ་གཏོར་ལེན་བྱས་པ་དང་། དེ་ནི་སི་རི་ཡཱ་རྒྱལ་ཁབ་ཀྱིས་བཀོད་པའི་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ཀྱི་འབྲེལ་ཡོད་རེ་བ་ལག་བསྟར་བྱེད་པའི་ཆེད་དུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག