མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་དང་ཁ་ན་ཏའི་རང་མོས་ཉོ་ཚོང་གི་དབྱེ་འབྱེད་གྲོས་མོལ་ལ་འཕེལ་རིམ་གལ་ཆེན་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་མནའ་འབྲེལ་དང་ཁ་ན་ཏའི་ཕྱོགས་གཉིས་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་དེར་སྤྱི་ཟླ10བའི་ཚེས18ཉིན་གལ་ཆེའི་གྲུབ་འབྲས་ཐོབ་ཡོད་པ་དང་། ཕྱོགས་གཉིས་པོའི་འགོ་ཁྲིད་པས་ཉིན་དེ་རང་དུ་འགག་རྩའི་གནད་དོན་ཐད་གྲོས་མཐུན་གཅིག་གྱུར་བྱུང་ཡོད་པ་རེད།

གྲོས་ཆོད་ལ་གཞིགས་ན། ཕྱོགས་གཉིས་པོས་དངུལ་རྩ་དང་གློག་འཕྲིན། ནུས་ཁུངས། འགྲིམ་འགྲུལ་ཁྱབ་ཁོངས་བཅས་ཀྱི་ནང་ཕན་ཚུན་སྒོ་དབྱེ་བྱ་རྒྱུ་མ་ཟད། ཁ་ན་ཏས་ད་དུང་སྲིད་གཞུང་གི་ཉོ་སྒྲུབ་ཁྲོམ་རྭ་ཡོ་རོབ་ཀྱི་ཐོན་རྫས་མཁོ་འདོན་བྱེད་མཁན་ལ་སྒོ་དབྱེ་རྒྱུའི་ཁས་ལེན་ཐེངས་དང་པོ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྨན་རྫས་དང་ཞིང་ལས་ཐོན་རྫས། གཅིག་བདག་ཁེ་དབང་སྲུང་སྐྱོབ་ཁྱབ་ཁོངས་བཅས་ཀྱི་ཚད་གཞིའི་ཐད། ཁ་ན་ཏས་ཕྱིར་གཏོང་བྱེད་པའི་ཐོན་རྫས་ཡོ་རབ་མནའ་འབྲེལ་གྱི་ཚད་གཞིར་ཕྱོགས་ལྷུང་བྱས་ཡོད་པ་རེད།

ཡོ་རོབ་མནའ་འབྲེལ་གྱིས་ཚོད་རྩིས་བརྒྱབ་པར་གཞིགས་ན། གྲོས་ཆོད་དེས་ཡོ་རོབ་མནའ་འབྲེལ་དང་ཁ་ན་ཏའི་ཕྱོགས་གཉིས་ཚོང་ཟོག་དང་ཞབས་ཞུའི་ཉོ་ཚོང་སྤྱི་འབོར་དེ23%ཙམ་མཐོ་རུ་འགྲོ་རྒྱུ་དང་། དེ་ཡོ་རོབ་ཀྱི་དངུལ་ལོར་ལ་ཕབ་ན་སྒོར་དུང་ཕྱུར260ཟིན་རྒྱུ་མ་ཟད། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ལ་སྐུལ་འདེད་ནུས་པ་ཅུང་ཆེ་ཙམ་ཐེབས་རྒྱུ་ཡིན་པ་རེད། ཡོ་རོབ་མནའ་འབྲེལ་གྱི་ལོ་རེའི་ཐོན་སྐྱེད་སྤྱིའི་རིན་ཐང་ལ་གྲོས་ཆོད་དེ་བརྒྱུད་ཡོ་རོབ་ཀྱི་དངུལ་ལོར་སྒོར་དུང་ཕྱུར120འཕར་སྣོན་འགྲོ་རྒྱུའི་རེ་བ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག