མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་གསར་བ་ལྔ་བདམས་ཐོན་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པས་ཚེས17ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། 2014ལོ་ནས2015ལོའི་བར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་འདེམ་བསྐོ་བྱས། སོ་ཏི་ཨ་རབ་དང་ལི་ཐའོ་ཝན། ཀྲ་ཏི། ནེ་ཀྲི་རི་ཡཱ། ཀྲི་ལི་བཅས་དམིགས་བསལ་གྱི་ལས་འཛིན་རྒྱལ་ཁབ་གསར་བར་བདམས།

ཉིན་དེའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ནས་མིང་མི་འགོད་པའི་ཐབས་ཀྱིས་འདེམ་ཤོག་འཕང་སྟེ་དམིགས་བསལ་གྱི་ལས་འཛིན་རྒྱལ་ཁབ་གསར་བ་ལྔ་བདམས་པ་རེད། དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་འདེམ་སྒུག་ཁ་གྲངས་ཀྱང་ལྔ་ལས་མེད་པས་འགྲན་རྩོད་ཅི་ཡང་མེད་ལ་བདེ་བླག་ངང་བདམས་ཐོན་བྱུང་། དོན་དངོས་སུ་དེ་ནི་ཉེ་བའི་ལོ་འགའི་རིང་ཆེས་བདེ་བླག་ཡིན་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་འདེམ་བསྐོ་ཐེངས་ཤིག་རེད།

གོང་གི་རྒྱལ་ཁབ་དེ་ལྔ་ཡིས་ད་ལོའི་ལོ་མཇུག་ལ་འགན་ཡུན་ལོངས་པའི་ཨ་སེ་པེད་ཅང་དང་། ཝེ་ཏི་མཱ་ལཱ། མའོ་ལོ་ཀི། ཏའོ་ཀི། ཕཱ་ཁི་སི་ཐན་བཅས་ཀྱི་ཚབ་ཏུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི2014ལོ་ནས2015ལོའི་བར་གྱི་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན2014ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་མགོ་རྩོམ་རྒྱུ་ཡིན་ལ། བསྡོམས་པས་ལོ་གཉིས་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག