མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ཟླ11པའི་ཟླ་དཀྱིལ་ལ་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་བར་སྐུལ་འདེད་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཚེས17ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སྤྱི་ཟླ11པའི་ཟླ་དཀྱིལ་ལ་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་བསྡུ་བྱེད་རྒྱུ་རེད་ཟེར།

ནེ་ཞི་ཨར་ཅི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཚེས16ཉིན་སྤྱི་ཟླ11པའི་ཟླ་དཀྱིལ་ལ་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་སྐུལ་འདེད་གཏོང་བཞིན་ཡོད་པའི་ཚུལ་བསྟན་པ་དང་། ཕན་ཅི་ཝུན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་བསྡུ་བྱེད་རྒྱུ་མ་ཟད་ཕྱོགས་སོ་སོ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱེད་རྒྱུ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་བསྡུ་བར་སྐུལ་གཏོང་བའི་གནས་ཚུལ་གླེང་སྐབས། ནེ་ཞི་ཨར་ཅི་ཡིས་བཤད་རྒྱུར། ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་གྱིས་ལོན་ཏོན་དང་མའོ་སི་ཁི་ནས་འབྲེལ་ཡོད་གྲོས་མོལ་བྱས་རྗེས་ཕྱིར་ཉིག་ཡོ་རུ་ལོག་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་རྒྱལ་ཁབ་ཀྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་དང་འཐུས་མི་གཞོན་པ་ཅི་ཏི་ཝ་གཉིས་ཀྱིས་ཀྲུང་ཏུང་གི་འབྲེལ་ཡོད་ས་ཁུལ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་ཟེར།

དབྱི་ལིང་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་མིན་གྱི་དྲི་བར་དམིགས་ཏེ་ནེ་ཞི་ཨར་ཅི་ཡིས་བཤད་རྒྱུར། དེ་ནི་པུའུ་ལཱ་ཞི་མུས་ཀྱིས་ཀྲུང་ཏུང་ས་ཁུལ་དུ་འཚམས་འདྲི་བྱས་པའི་གྲོས་གཞི་ཞིག་ཡིན་པ་དང་། དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ལ་ལས་བསྟན་དོན། དབྱི་ལིང་གྲོས་ཚོགས་དེར་ཞུགས་ན་ཕན་ཐོགས་ཡོད་པར་བཤད་མྱོང་ཟེར།

ནེ་ཞི་ཨར་ཅི་ཡིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ལ་ཞིབ་བཤེར་བྱེད་པའི་ཚན་ཆུང་གིས་ཟླ་འདིའི་ཟླ་མཇུག་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆར་རྟོག་ཞིབ་བྱས་པའི་མཇུག་མཐའི་སྙན་ཞུ་ཡོངས་འགྲུབ་བྱེད་རྒྱུ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག