མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནོད་སྐྱོབ་ཁྲོད་ཀྱི་ལག་རྩལ་ནུས་པ་ནན་བཤད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས17ཉིན2013ལོའི་འཛམ་གླིང་གནོད་འཚེའི་སྙན་ཞུ་སྤེལ་ཏེ། ཉིས་སྟོང་བཅུ་གཉིས་ལོའི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དང་གནོད་འཚེ་ཐེབས་པའི་མི་གྲངས་འདས་པའི་ལོ་བཅུ་ལས་ཆེས་དམའ་བ་དང་། བརྡ་འཕྲིན་དང་ལག་རྩལ་གྱིས་གནོད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་སླར་གསོའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པ་ནན་བཤད་བྱས།

སྙན་ཞུ་དེ་ལས་ལག་རྩལ་གྱིས་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་ཡར་སྐུལ་བྱེད་པ་དང་མི་རྣམས་ཀྱི་གནོད་འཚེའི་སླར་གསོའི་ནུས་པ་ཇེ་མཐོར་གཏོང་བའི་ཐད་ཀྱི་སྦས་ཤུགས་ལ་དམིགས་ཏེ། བྲེལ་མྱུར་དོན་རྐྱེན་བྱུང་རྗེས་ཆེས་ཐོག་མའི་དུས་ཚོད་འགའ་ནི་གནད་འགག་ཡིན་པ་དང་། སྲོག་ཉེན་ལས་ཐར་བའི་མི་མང་ཤོས་ནི་རྒུད་སྐྱོབ་ལ་ཞུགས་པའི་མིས་བསྐྱབས་པ་ཡིན་ཡང་། ཐོག་མར་རྒུད་སྐྱོབ་བྱེད་པའི་མི་རྣམས་ལ་དུས་རིམ་ཐོག་མའི་ཉེན་གཏོང་མ་ལག་སོགས་གཞི་རྩའི་སྲོག་སྐྱོབ་བརྡ་འཕྲིན་དང་ཡོ་བྱད་སོགས་ཐོབ་ཐུབ་མེད་པར་འདོད།

སྙན་ཞུ་དེ་ལས་ལག་རྩལ་གསར་བས་གནོད་ཐེབས་མང་ཚོགས་ཀྱི་རོགས་འདེགས་ནུས་པ་ཇེ་མཐོར་བཏང་ཡོད་ཀྱང་། ལག་རྩལ་དེ་དག་ལག་བསྟར་བྱས་པ་དེ་འདྲའི་དོ་མཉམ་ཞིག་མིན། དོ་མི་མཉམ་པ་དེ་རིགས་ལ་སྙན་ཞུ་ལས་གྲངས་ཀའི་བར་ཁྱད་ཅེས་སུ་བརྗོད་དེ། འཛམ་གླིང་ཡོངས་ཀྱི་གནོད་འཚེ་འབྱུང་སླ་བའི་ས་ཁུལ་ཚང་མའི་འབུར་དུ་ཐོན་པའི་གནད་དོན་དེ་གསལ་བོར་བསྟན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག