མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནས་ཚེས17ཉིན་འགས་གཏོར་འཇབ་རྒོལ་དོན་རྐྱེན་རབས་དང་རིམ་པ་བྱུང་ནས། ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཟེར།

ཚེས17ཉིན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་ས་ཁུལ་མང་བོ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར། འགས་གཏོར་དོན་རྐྱེན་བྱུང་སྐབས་མི་མང་བོས་དམར་གསོད་དུས་ཆེན་གྱི་དགའ་སྟོན་ལ་རོལ་བཞིན་ཡོད། ཉིན་དེའི་སྔ་དྲོར། བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་ཉེ་འདབས་ཀྱི་ཡེ་ཤུའི་ཆོས་ལུགས་པའི་དད་ལྡན་པ་དང་ཧྲ་པཱ་ཁི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་སྡེ་བ་ཞིག་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

མིག་སྔར་རྩ་འཛུགས་གང་རུང་གིས་འགས་གཏོར་འཇབ་རྒོལ་དེ་དག་ལ་འགན་ཁུར་རྒྱུ་ཁས་ལེན་བྱས་མེད། ཉེ་བའི་དུས་སྐབས་ཤིག་ལ་དབྱི་རག་གི་དྲག་ཤུགས་འཁྲུག་རྩོད་དེ་ཉིས་སྟོང་བརྒྱད་ལོའི་ཚུན་གྱི་ཆེས་མཐོ་བའི་ཚད་དུ་བསླེབ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག