མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་ནེ་ཀི་འཛུགས་པའི་གྲོས་མོལ་དངོས་སུ་མགོ་རྩོམ་པར་འཐད་པ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:34

1.jpg

སྤྱི་ཟླ10བའི་ཚེས17ཉིན། འཇར་མན་གྱི་པའོ་ལིན་ནས། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མནའ་འབྲེལ་ཏང་གི་འཐུས་མི་མཉམ་དུ་ཚོགས་རར་འགྲོ་བཞིན་པ། འཇར་མན་མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས་བཅུ་བདུན་ཉིན་པའོ་ལིན་ནས་མཉམ་འབྲེལ་གྱི་ནེ་ཀི་འཛུགས་པའི་སྐོ་ཐེངས་གསུམ་པའི་ཚོད་སྒམ་རང་བཞིན་གྱི་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མོལ་དངོས་སུ་མགོ་རྩོམ་པར་འཐད་པ་བྱུང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས17ཉིན་པའོ་ལིན་ནས་མཉམ་འབྲེལ་གྱི་ནེ་ཀི་འཛུགས་པའི་སྐོར་ཐེངས་གསུམ་པའི་ཚོད་སྒམ་རང་བཞིན་གྱི་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ནེ་ཀི་འཛུགས་པའི་གྲོས་མོལ་དངོས་སུ་མགོ་རྩོམ་པར་འཐད་པ་བྱུང་།

    མནའ་འབྲེལ་ཏང་གི་མགོ་ཁྲིད་པ་དང་ད་ལྟའི་ཙུང་ལི་མའོ་ཁི་ཨར། སྤྱི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅཱ་པུའུ་ལི་ཨར་སོགས་ཏང་ཁག་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པ་ཉིན་དེའི་ཚོད་སྒམ་རང་བཞིན་གྱི་གྲོས་མོལ་ལ་ཞུགས། ཅཱ་པུའུ་ལི་ཨར་གྱིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟ་ནེ་ཀི་འཛུགས་པའི་གྲོས་མོལ་མགོ་བརྩམས་པར་དོན་སྙིང་གལ་ཆེན་ལྡན་ལ། སྤྱི་ཚོགས་དམངས་གཙོ་ཏང་གིས་མནའ་འབྲེལ་ཏང་བར་མཉམ་འབྲེལ་ནེ་ཀི་འཛུགས་པའི་ཐུན་མོང་རྨང་གཞི་རྙེད་སྲིད་པར་ཡིད་ཆེས་ཡོད་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། གལ་ཏེ་ཏང་ཁག་གཉི་ག་འཐད་པ་བྱུང་ན། ཕྱོགས་གཉིས་ཀྱིས་ཚེས23ཉིན་དངོས་སུ་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་སོགས་གནད་དོན་སྔར་བཞིན་ཕྱོགས་གཉིས་ཀྱིས་རྩོད་གཞི་གཙོ་བོར་གྱུར་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག