མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་དབྱི་རག་ལ་མཚོན་ཆ་ཕྱིར་གཏོང་བྱེད་པའི་གན་རྒྱ་ལག་བསྟར་བྱེད་མགོ་བརྩམས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལྟའི་ཨུ་རུ་སི་ཞེས་པའི་བརྙན་འཕྲིན་ཁང་གིས་ཚེས17ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་གཉིས་ལོར་དབྱི་རག་བར་བཀོད་པའི་གན་རྒྱ་ལག་བསྟར་བྱས་ཏེ་དབྱི་རག་ལ་མཚོན་ཆ་མཁོ་འདོན་བྱས་ཟེར།

དབྱི་རག་གི་ཙུང་ལིའི་བློ་འདོན་པ་མུའུ་སཱ་ཝེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གན་རྒྱའི་དུས་རིམ་དང་པོ་ལག་བསྟར་བྱེད་མགོ་བརྩམས་པ་དང་། གན་རྒྱ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་མཚོན་ཆ་དེ་གཙོ་བོ་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་ཐད་བཀོལ་རྒྱུ་ཡིན་ཟེར། ཁོས་དབྱི་རག་གིས་མཚོན་ཆ་ཉོ་བསྡུ་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པ་ནན་བཤད་བྱས།

ཨུ་རུ་སི་དང་དབྱི་རག་གིས2012ལོར་བཀོད་པའི་གྲངས་འབོར་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་ཀྱི་མཚོན་ཆའི་ཕྱིར་གཏོང་གན་རྒྱའི་ནང་། ཨུ་རུ་སི་ཡིས་དབྱི་རག་ལ་མུས-35དང་མུས-28རྟགས་ཅན་གྱི་འཐབ་འཛིང་གྱེན་འཕུར་གནམ་གྲུ་བཞི་བཅུ་འདོན་སྤྲོད་བྱེད་པ་སོགས་འདུས། ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སྐོར་ཐེངས་དང་པོའི་དབྱི་རག་གི་གནམ་གྲུའི་ཁ་ལོ་བས་ཨུ་རུ་སི་ནས་མུས-35རྟགས་ཅན་གྱི་གྱེན་འཕུར་གནམ་གྲུར་ཁ་ལོ་བྱེད་པའི་གསོ་སྦྱོང་ཡོངས་འགྲུབ་བྱས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག