མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལའོ་ཝའོ་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་མི་ཞེ་དགུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:08

1.jpg

ས་དེའི་མང་ཚོགས་ཀྱིས་བླངས་པའི་གནམ་གྲུ་སར་ལྷུང་སའི་པར་རིས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལའོ་ཝའོ་མཁའ་འགྲུལ་ཀུང་ཟིའི་ལའོ་ཝའོ་རྒྱལ་ས་ཝན་ཞང་ནས་ལྷོ་ཕྱོགས་ཀྱི་ཀྲན་པཱ་སེ་ཞིང་ཆེན་གྱི་པཱ་སི་གྲོང་ཁྱེར་དུ་འཕུར་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སྤྱི་ཟླ10བའི་ཚེས16ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་མར་འབབ་སྐབས་མེ་ཀུང་གཙང་བོའི་ནང་ལྷུང་ཟེར། ཐེ་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། གནམ་གྲུའི་སྟེང་དུ་འགྲུལ་བ་ཞེ་བཞི་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་ལྔ་ཡོད་པ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཤི་བོའི་ཁྲོད་ཀྲུང་གོའི་མི་གཉིས་ཡོད་ཟེར།

    ལའོ་ཝའོ་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་དེ་སྤྱི་ཟླ10བའི་ཚེས16ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཞེ་ལྔའི་སྟེང་ཝན་ཞང་གྱི་ཝ་ཏའེ་རྒྱལ་སྤྱིའི་གནམ་གྲུའི་ཐང་ནས་འཕུར་བ་དང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་ཡས་མས་སུ་པཱ་སི་རུ་འབྱོར་སྲིད། ནམ་ཟླའི་མི་བཟང་བའི་དབང་གིས་གནམ་གྲུ་དེ་སར་འབབ་ལ་ཉེ་བའི་སྐབས་སུ་མེ་ཀུང་གཙང་བོའི་ནང་ལྷུང་བ་རེད་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། པཱ་སི་དེ་ཝན་ཞང་ལྷོ་ཕྱོགས་ཀྱི་སྤྱི་ལེ་བདུན་བརྒྱའི་མཚམས་སུ་ཡོད་པ་དང་། ལའོ་ཝའོ་ཡི་རྨང་གཞིའི་སྒྲིག་ཆས་ཅུང་ཞན་པའི་དབང་གིས་དུས་བཅད་ལྟར་ཝན་ཞང་དང་པཱ་སིའི་བར་འགྲོ་འོང་བྱེད་པའི་གནམ་གྲུ་ནི་གནམ་གྲུ་ཆུང་བ་ཡིན་ལ། ཐེངས་འདིར་དོན་རྐྱེན་བྱུང་བ་དེ་ཡང་གནམ་གྲུ་ཆུང་བ་ཞིག་རེད་ཟེར། །

2.jpg

འགྲུལ་སྐྱེལ་གནམ་གྲུ་མེ་ཀུང་གཙང་བོའི་ནང་ལྷུང་ནས་གནམ་གྲུའི་མགོ་ཆུ་ཁར་གཡེང་འདུག་པ།

3.jpg

འདི་ནི་སར་ལྷུང་བའི་གནམ་གྲུ་དེ་ལམ་དུ་ཆས་སྐབས་འགྲུལ་བ་རྣམས་གནམ་གྲུར་འབུད་བཞིན་པའི་ཚུལ་རེད།

4.jpg

གནམ་གྲུ་སར་ལྷུང་བའི་དཔེ་མཚོན་རི་མོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག