མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་ལ་བཙོན་ཁང་ནས་འདྲི་གཅོད་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱིས་སྤྱི་ཟླ10བའི་ཚེས16ཉིན་བཀའ་རྒྱ་བཏང་སྟེ་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་ལ་བཙོན་ཁང་ནས་འདྲི་གཅོད་བྱེད་རྒྱུ་ཡིན་ཟེར། མུའུ་ཧྲ་ལཱ་ཧྥུའུ་ཡིས་ཉིས་སྟོང་བདུན་ལོའི་བཀའ་རྒྱ་བཏང་སྟེ་དབྱི་སི་ལན་ཆོས་ཁང་ལ་དཔུང་འཇུག་བྱས་ཏེ་མི་སྣ་མང་བོར་ཤི་རྨས་བཟོས་པར་སྐྱོན་འཛུགས་བྱས་ཡོད།

ཕཱ་ཁི་སི་ཐན་གྱི་སྲིད་གཞུང་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། བཙོན་ཁང་ནས་འདྲི་གཅོད་བྱེད་པ་ནི་སྔོན་ཆད་ཀྱི་ཙུང་ཐུང་ལ་ཐེབས་སྲིད་པའི་འཇིགས་ཉེན་ལ་བསམ་བློ་བཏང་བ་ཡིན། གསང་འཕྲིན་ལས་ཁུངས་ཀྱི་སྙན་ཞུ་ལྟར་ན། འཇིགས་སྐུལ་ཉེས་ཅན་གྱིས་མུའུ་ཧྲ་ལཱ་ཧྥུའུ་ལྐོག་གསོད་བྱེད་པའི་འཆར་གཞི་འཐེན་ཡོད་ཟེར། ད་ལོའི་སྤྱི་ཟླ4བའི་ཚེས23ཉིན། འགད་རྫས་སྤྱི་རྒྱ་ཞེ་ལྔ་དྲུད་ཡོད་པའི་རླངས་འཁོར་ཞིག་མུའུ་ཧྲ་ལཱ་ཧྥུའུ་སྡོད་སའི་ཉེ་འདབས་ནས་བརྩད་ཆོད་པ་དང་། སྐབས་དེར་ཁོ་གནས་དེར་བཟང་བཙོན་ལ་བཅུག་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཨ་པཱ་ཕཱ་ལཱ་ཉེན་རྟོག་ཅུའུ་ཡིས་ཚེས15ཉིན་གྱོད་དོན་དེའི་ཁྲོད་མུའུ་ཧྲ་ལཱ་ཧྥུའུ་ཡི་བདེན་དཔང་འཚོལ་སྡུད་དང་དཔང་མིའི་ཟིན་ཐོ་རྒྱས་བཤད་བྱེད་པར་ཁས་ལེན་མ་བྱས། དེའི་རྗེས་སུ། དཔུང་འཇུག་ཐེབས་པའི་དབྱི་སི་ལན་ཆོས་ཁང་གིས་ཉེན་རྟོག་སྤྱི་ཁྱབ་ལྟ་སྐུལ་བར་འཕྲིན་ཡིག་ཅིག་བསྐུར་ནས། ཁོ་ཚོར་མུའུ་ཧྲ་ལཱ་ཧྥུའུ་ཡིས་ཉིས་སྟོང་བདུན་ལོར་དབྱི་སི་ལན་ཆོས་ཁང་ལ་དཔུང་འཇུག་བྱེད་པའི་འགུལ་སྐྱོད་ཁྲོད་བསགས་པའི་ནག་ཉེས་ཀྱི་བདེན་དཔང་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག