མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་འགན་ཁུར་བ་བསྐོ་འཇོག་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་སྤྱི་ཟླ10བའི་ཚེས16ཉིན། ཧི་ལན་གྱི་ཁཱ་ཀི་ཟེར་བ་དེ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་འགན་ཁུར་བར་བསྐོ་འཇོག་བྱས་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འབྲེལ་ཡོད་བྱ་བར་མགོ་ཁྲིད་བྱེད་དུ་བཅུག

ཕན་ཅི་ཝུན་དང་ཁཱ་ཀི་གཉིས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་པ་དང་། ཕན་ཅི་ཝུན་གྱིས་བཤད་རྒྱུར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཡུག་ཙུའུ་མུའུ་ཅུའུ་དང་གྲོས་མོལ་ཟབ་མོ་བྱས་པ་བརྒྱུད། ཁཱ་ཀི་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་དམིགས་བསལ་མཐུན་སྦྱོར་པར་བསྐོ་འཇོག་བྱས་པ་ཡིན། བསྐོ་འཇོག་དེ་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་ཆོག་མཆན་བཀོད་པ་དང་། ཁོ་རང་དོན་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་དག་གིས་གནད་དོན་གལ་ཆེན་དེའི་ཐད་ནས་མཐུན་སྒྲིལ་གཅིག་གྱུར་བྱེད་པ་ཡང་བསྐྱར་ར་སྤྲོད་བྱུང་ཡོད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། དམིགས་བསལ་མཐུན་སྦྱོར་པ་ཡིན་པའི་ཆ་ནས། ཁཱ་ཀི་ཡིས་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣའི་ཡུལ་དངོས་ཀྱི་བྱ་བ་ཚང་མར་ལྟ་རྟོག་དོ་དམ་བྱེད་པའི་འགན་འཁུར་རྒྱུ་རེད། ཁཱ་ཀི་ཡིས་ཐད་ཀར་ཕན་ཅི་ཝུན་དང་ཡུག་ཙུའུ་མུའུ་ཅུའུ་གཉིས་ལ་འགན་འཁུར་རྒྱུ་ཡིན་ལ། ཁོས་ཏཱ་མཱ་ཧྲི་ཀི་རུ་གཞུང་སྒྲུབ་བྱེད་རྒྱུ་ཡིན་ཟེར། ཕན་ཅི་ཝུན་གྱིས་ད་རུང་བཤད་རྒྱུར། ཁཱ་ཀི་ཡི་འགན་འཁྲི་ལ་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྦྱོར་བྱས་ཏེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་རོགས་རམ་བྱེད་པ་སོགས་འདུས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག