མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རོ་མཱ་ནི་ཡཱའི་དཔལ་འབྱོར་པུའུ་ཀྲང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱི་རང་དབང་ཏང་གི་ཅེ་ལོས་ཡཱ་ཡིས་སྤྱི་ཟླ10བའི་ཚེས16ཉིན་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་རོ་མཱ་ནི་ཡཱའི་དཔལ་འབྱོར་པུའུ་ཀྲང་གི་འགན་ཁུར་ཏེ། སྤྱི་ཟླ10བའི་ཚེས7ཉིན་ལས་འཁུར་དགོངས་ཞུ་བྱས་པའི་བོ་སི་ཅཱ་ནེ་ཨན་གྱི་ཚབ་བྱས།

རོ་མཱ་ནི་ཡཱའི་ཙུང་ཐུང་པའོ་སེ་སི་ཁུའུ་ཡིས་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་ཅེ་ལོས་ཡཱ་ལ་བཤད་རྒྱུར། ཨོ་ཨར་ཐི་རྫས་འགྱུར་བཟོ་ལས་བཟོ་གྲྭ་དང་ཟངས་གཏེར་ཀུང་ཟིའི་སྒེར་གཉེར་ཅན་ནི་གསར་དུ་འགན་ཁུར་བའི་དཔལ་འབྱོར་པུའུ་ཀྲང་གི་དཀའ་སྡུག་ཆེ་བའི་ལས་འགན་ཡིན་པ་དང་། གོང་གི་ཁེ་ལས་སྒེར་གཉེར་བྱེད་པ་དེ་མངོན་གསལ་དང་ཁེ་ལས་ལ་ཕན་པའི་རྩ་དོན་ལྟར་སྤེལ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག