མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གྲོས་ཞུགས་ཁང་གི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གྲོས་ཞུགས་ཁང་གི་དམངས་གཙོ་དང་སྤྱི་མཐུན་ཏང་གིས་ཨ་མེ་རི་ཁའི་དངུལ་བུན་ཉམས་ཉེན་མེད་པར་བཟོ་བའི་གྲོས་མཐུན་བཀོད་པ་དང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་བསྟན་དོན། ཙུང་ཐུང་ཨོ་པཱ་མཱ་ཡིས་གྲོས་ཞུགས་ཁང་གི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གིས་མྱུར་དུ་ཇུས་གཞི་དེར་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཁཱ་ནེ་ཡིས་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨོ་པཱ་མཱ་ཡིས་གྲོས་ཞུགས་ཁང་གིས་བཏོན་པའི་དངུལ་བུན་གྱི་ཆེས་མཐོ་བའི་ཚད་དང་སྔོན་རྩིས་ཇེ་མང་དུ་གཏོང་བའི་ཐད་ནས་བཀོད་པའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ལི་ཏི་དང་མེད་ཁང་ནཱ་ཨར་གཉིས་ཀྱིས་ཏང་གཉིས་ཀྱི་གྲོས་མཐུན་བཀོད་པར་གཟེངས་བསྟོད་བྱས་ཟེར།

ཁཱ་ནེ་ཡིས་བཤད་རྒྱུར། ཕོ་བྲང་དཀར་པོས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་གང་མགྱོགས་ཀྱིས་གྲོས་མཐུན་དེར་གྲོས་འཆམ་འབྱུང་བར་རེ་བ་བྱེད་བཞིན་ཡོད་པ་དང་། སྤྱི་མཐུན་ཏང་གིས་མགོ་ཁྲིད་པའི་དམངས་གྲོས་ཁང་གིས་གརོས་ཞུགས་ཁང་གི་གྲོས་མཐུན་ལ་ཆོག་མཆན་འགོད་མིན་ལ་ཚོད་དཔག་བྱེད་འདོད་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག