མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་དུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་སྟེ་མི་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥེ་ལེ་པེན་དབུས་ཕྱོགས་ས་ཁུལ་དུ་སྤྱི་ཟླ10བའི་ཚེས15ཉིན་གྱི་སྔ་དྲོར་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་། མིག་སྔའི་བར་དུ་ས་འགུལ་དེ་ལས་མི་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་རེ་བཞི་ལ་རྨས་ཕོག་ཟེར། ཧྥེ་ལེ་པེན་རྒྱལ་ཁབ་ཀྱི་གནོད་སྐྱོབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། བསྡོམས་པས་ཁྱིམ་ཚང་འབུམ་བཞི་དང་ཁྲི་བཞི་སྟོང་གཅིག་བདུན་བརྒྱ་ལ་ཐེངས་འདིའི་ས་འགུལ་ཁྲོད་གནོད་པ་ཐེབས་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། གཞུང་ལམ་དང་ཟམ་པ་མང་བོར་ས་འགུལ་ཁྲོད་གཏོར་བརླག་ཐེབས་པའི་དབང་གིས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག