མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་མྱུར་དུ་འཇར་པན་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས15ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་པུས་ཞའོ་ཕུའུ་ཡིས་སྤྱི་ཟླ10བའི་ཚེས15ཉིན་ཏུང་ཅིན་དུ་འཚམས་འདྲི་བྱས་པ་དང་བསྟུན་ནས། ཨ་པའོ་ཐི་སྲིད་གཞུང་གིས་འཇར་པན་བར་གྱི་འབྲེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཟེར། ཐེངས་འདིའི་འཚམས་འདྲིའི་དུས་ཡུན་ཉིན་གཉིས་ཡིན་པ་དང་། པུས་ཞའོ་ཕུའུ་ཡིས་འཚམས་འདྲིའི་སྐབས་སུ་བསྟན་དོན། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་འཇར་པན་བར་ཆེས་མཛའ་མཐུན་གྱི་འབྲེལ་བ་སྲུང་འཛིན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

པུས་ཞའོ་ཕུའུ་ཡིས་ཐེངས་འདིར་འཇར་པན་དུ་འཚམས་འདྲི་བྱེད་སྐབས་ཀྱི་གླེང་གཞི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཐད་ལ་འབྲེལ་ཞིང་། ཁོ་མོས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་བུན་ཞོང་དང་གྲོས་མོལ་མ་བྱས་གོང་། ཏུང་ཅིན་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། པུས་ཞའོ་ཕུའུ་ཡིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་དཔལ་འབྱོར་ཕྱི་འབྲེལ་དེ་གོ་གནས་དང་པོར་འཇོག་རྒྱུ་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་བར་ཐུན་མོང་གི་རིན་ཐང་ལྟ་བ་དང་འཐབ་ཇུས་ཁེ་ཕན་ཡོད་ལ། རྒྱལ་ཁབ་གཉིས་བར་དམངས་གཙོའི་རང་དབང་དང་། ས་ཁོངས་ལངས་ཕྱོགས། དེ་མིན་འཛམ་གླིང་ཡོངས་ཀྱི་གནད་དོན་སོགས་ཀྱི་ཐད་འདྲ་མཚུངས་ཀྱི་གནས་མི་ཉུང་བ་ཡོད། ང་ཚོར་འདྲ་མཚུངས་ཀྱི་གནས་དེ་འདྲའི་མང་བོ་ཡོད་པས། ཨོ་སི་ཁྲུ་ལི་ཡཱ་ཡིས་འཇར་པན་རྒྱལ་ཁབ་དེའི་ཨེ་ཤ་ཡཱ་གླིང་གི་ཆེས་བཟང་བའི་གྲོགས་པོར་བརྩི་སྲིད་ཟེར།

པུས་ཞའོ་ཕུའུ་ཡིས་ད་རུང་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་གྱིས་ས་ཁོངས་རང་བཞིན་དང་འཛམ་གླིང་རང་བཞིན་གྱི་གླེང་སྟེགས་ཐད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར། ཁོ་མོས་ད་རུང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱིས་འཇར་པན་སྲིད་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཡུན་རིང་གི་གོ་གནས་ཐོབ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

པུས་ཞའོ་ཕུའུ་ཡིས་ད་རུང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱིས་སྒོ་འབྱེད་དང་ལྷག་བསམ་རྣམ་དག་གི་རྣམ་འགྱུར་བཟུང་སྟེ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཐག་གཅོད་བྱེད་རྒྱུ་ཡིན་པ་ནན་བཤད་བྱས། པུས་ཞའོ་ཕུའུ་ཡིས་བཤད་རྒྱུར། འཇར་པན་ནི་ཨོ་སི་ཁྲུ་ལི་ཡཱའི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་པ་དང་། ཉིས་སྟོང་བཅུ་གཉིས་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཨོ་སི་ཁྲུ་ལི་ཡཱའི་སྒོར་མོ་ཐེར་ཆེན་བདུན་དང་ཐེར་འབུམ་གཅིག་ལ་བསླེབས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག