མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་རང་གི་ཤུགས་རྐྱེན་འདོན་སྤེལ་བྱས་ཏེ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཞི་བའི་གྲོས་མོལ་ལ་ཞུགས་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྤྱི་ཟླ10བའི་ཚེས14ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་འབད་བརྩོན་ཆེན་པོ་བྱས་ཏེ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཞི་བའི་གྲོས་མོལ་ལ་ཞུགས་པའི་སྐུལ་མ་གཏོང་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་ཤུགས་རྐྱེན་ངེས་ཅན་ལྡན་པའི་ཨ་མེ་རི་ཁ་དང་རྒྱལ་ཁབ་གཞན་པས་ངོ་རྒོལ་ཕྱོགས་ཁག་ཞི་བའི་གྲོས་མོལ་ལ་ཞུགས་པར་སྐུལ་ལྕག་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཀྱང་ཁོ་ཚོས་རི་ནེ་ཝ་ཡི་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་བྱ་བ་ལག་བསྟར་བྱེད་པའི་འགན་ཁུར་ཡོད་པ་གསལ་བོར་ཤེས་དགོས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཆབ་སྲིད་སྟོབས་ཤུགས་གཙོ་བོ་སི་རི་ཡཱའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གསུམ་ཉིན་བསྟན་དོན། མི་འགྱངས་པར་བསྡུ་རྒྱུ་ཡིན་ཞིང་ནུབ་ཕྱོགས་རྒྱལ་ཁབ་ཞུགས་པའི་སི་རི་ཡཱའི་ཉམས་ཉེན་ལ་འདུམ་འགྲིག་བྱེད་པར་དམིགས་པའི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་རྩིས་མེད་ཟེར།

ཨུ་ཡོན་ལྷན་ཁང་དེའི་འབྲེལ་ཡོད་མི་སྣས་བསྟན་དོན། གལ་ཏེ་ངོ་རྒོལ་ཕྱོགས་ཁག་གིས་རྒྱལ་ཡོངས་མནའ་འབྲེལ་གྲོས་ཚོགས་ལ་ཞུགས་ན། སི་རི་ཡཱའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་མནའ་འབྲེལ་དེ་ལས་ཕྱིར་འབུད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག