མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུར་ཀ་རི་ཡཱ་དང་ཁི་ལོ་ཏི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཚོང་ལས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡཱ་ན་འཚམས་འདྲི་བྱེད་བཞིན་པའི་ཁི་ལོ་ཏི་ཡཱའི་ཙུང་ཐུང་ཡོ་ཞི་པའོ་ཝེ་ཆི་ཡིས་སྤྱི་ཟླ10བའི་ཚེས14ཉིན་བསྟན་དོན། ཁི་ལོ་ཏི་ཡཱ་དང་པུར་ཀ་རི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཚོང་ལས་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་སྤེལ་རྒྱུ་ཡིན་ཟེར།

པུར་ཀ་རི་ཡཱའི་ཙུང་ལི་ཨོ་ལོས་ཧྲར་སི་ཅི་ཡིས་ཉིན་དེར་ཡོ་ཞི་པའོ་ཝེ་ཆི་དང་གྲོས་མོལ་བྱས། ཨོ་ལོས་ཧྲར་སི་ཅི་ཡིས་བཤད་རྒྱུར། པུར་ཀ་རི་ཡཱས་ཁི་ལོ་ཏི་ཡཱ་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་པུར་ཀ་རི་ཡཱ་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལས་གཞིའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཡོ་ཞི་པའོ་ཝེ་ཆི་ཡིས་གྲོས་མོལ་བྱེད་སྐབས་ཡོ་རོབ་གླིང་ཤར་ལྷོའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བཤད་རྒྱུར། ཡོ་རོབ་གླིང་ཤར་ལྷོའི་རྒྱལ་ཁབ་དག་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དངུལ་ལོར་མཉམ་ལས་ཐད་ནས་མཉམ་ལས་རྒྱ་བསྐྱེད་དགོས་ཟེར། ཁོས་ད་རུང་རྒྱལ་ནང་གི་དཔལ་འབྱོར་བརྟན་འཇགས་ཡོང་བ་སྲུང་འཛིན་དང་། ལས་ཞུགས་རྒྱ་བསྐྱེད་པ། དེ་མིན་རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ནི་ཁི་ལོ་ཏི་ཡཱ་དང་པུར་ཀ་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་དམིགས་འབེན་རེད་ཟེར། ཡོ་ཞི་པའོ་ཝེ་ཆི་ཡིས་ཉིན་དེར་ད་རུང་པུར་ཀི་རི་ཡཱའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་དང་གྲོས་མོལ་བྱས། པུར་ཀ་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཁི་ལོ་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་གོ་སྐབས་གསར་བ་འདོན་སྤྲོད་བྱས་པ་དང་། ཡོ་རོབ་གླིང་ཤར་ལྷོའི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་དབང་ཆར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། གསར་འགྱུར་སྤྱི་སྒྲོག་ལས་ད་རུང་ཡོ་རོབ་གླིང་ས་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་དྲ་བ་འཛུགས་པ་དང་གཞུང་ལམ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ་སོགས་གནད་དོན་ནི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་གཙོ་བོ་རེད་ཟེར།

པུར་ཀ་རི་ཡཱ་དང་ཁི་ལོ་ཏི་ཡཱའི་ཚོང་ལས་གླེང་སྟེགས་དེ་ཚེས་བཅོ་ལྔ་ཉིན་པུར་ཀ་རི་ཡཱ་ནས་སྤེལ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག