མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་བཏོན་པའི་གྲོས་གཞི་དང་ལེན་མ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས13ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་སྲིད་གཞུང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་བཏོན་པའི་ཕན་ཚུན་གནོད་མི་སྐྱེལ་བའི་གྲོས་མཐུན་འགོད་པའི་གྲོས་གཞི་དང་ལེན་མ་བྱས་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་སྤྱི་ཟླ10བའི་ཚེས3ཉིན་ཏུང་ཅིན་དུ་འཚམས་འདྲི་བྱེད་སྐབས་ཁྲའོ་ཞན་བར་གྱི་གྲོས་མོལ་སླར་གསོ་བྱེད་སྲིད་ཟེར། ཁི་ལེ་ཡིས་ཨ་མེ་རི་ཁ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་ཞུགས་པའི་གྲོས་མོལ་མཇུག་འབྲས་ཁྱབ་སྒྲོག་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཁྲའོ་ཞན་གྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་འཐད་པ་བྱུང་ན། ཨ་མེ་རི་ཁས་ཁྲའོ་ཞན་བར་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་བསྟན་པ་ནི་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དེ་ཡིན་ལ། ང་ཚོས་རང་རྒྱལ་ཁེར་རྐྱང་དུ་ཕུད་པ་དང་བཙན་གནོན་བྱེད་པར་དམིགས་པའི་གྲོས་གཞི་ཚང་མ་དང་ལེན་བྱེད་མི་སྲིད་ཟེར།

ཁྲའོ་ཞན་མེས་རྒྱལ་ཞི་བའི་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་བསྟན་དོན། ཁི་ལེ་ཡིས་ཟླ་བཅུ་བའི་ཚེས་གསུམ་ཉིན་བཏོན་པའི་གྲོས་གཞི་ནི་གཡོ་ཇུས་ཤིག་ཡིན་པ་དང་། ཨ་མེ་རི་ཁས་ད་ལོའི་ཟླ་གཉིས་པར་ཁྲའོ་ཞན་གྱིས་ཐེངས་གསུམ་པར་ཉིང་རྡུལ་ནུས་པའི་ཚོད་ལྟ་བྱས་རྗེས་ཁྲའོ་ཞན་ལ་དམིགས་པའི་དྲང་བདེན་མིན་པའི་བཀག་སྡོམ་མཚམས་འཇོག་དགོས་པ་ནན་བཤད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག