མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་དངོས་སུ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་དགུ་བཅུ་བར་གྱུར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱ་རྒྱལ་ཁབ་དེ་སྤྱི་ཟླ10བའི་ཚེས14ཉིན་ནས་བཟུང་དངོས་སུ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་དང་། སི་རི་ཡཱའི་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་དགུ་བཅུ་བ་རེད།

ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ10བའི་ཚེས14ཉིན་ནས་བཟུང་། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་དེ་སི་རི་ཡཱ་ལ་ནུས་ལྡན་དུ་གྱུར་ཟེར།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་པས་ནན་གྱིས་བསྟན་དོན། སི་རི་ཡཱ་རྒྱལ་ཁབ་དེ་དམིགས་བསལ་གནས་ཚུལ་འོག་རྩ་འཛུགས་དེར་ཞུགས་པ་དང་། རེ་ཞུ་བཏོན་པ་ནས་རྒྱལ་ཁབ་རང་གི་ཉིང་རྡུལ་ནུས་པའི་མཚོན་ཆའི་མཛོད་ཁང་གི་གནས་ཚུལ་འདོན་སྤྲོད་བྱས་པའི་བར་ཉིན་བདུན་ལས་འགོར་མེད་ལ། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ནང་ཞུགས་པར་ཟླ་ངོ་གཅིག་གི་དུས་ཚོད་མ་གཏོགས་འགོར་མེད། སྤྱིར་བཏང་གི་གནས་ཚུལ་འོག་དེར་དུས་ཚོད་སྔར་ལས་རིང་བོ་འགོར་སྲིད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག