མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་འགན་ཁུར་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ནོར་སྲིད་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཚེས13ཉིན་རྒྱལ་ཁབ་རང་གི་གསར་འགོད་པར་བསྟན་དོན། མིག་སྔར་ལེ་པཱ་ནུན་ནས་བྱུང་བའི་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ནི་ལེ་པཱ་ནུན་རྒྱལ་ཁབ་གཅིག་པུའི་གནད་དོན་ཞིག་མིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་འགན་ཁུར་དགོས་ཟེར།

སཱ་ཧྥ་ཏིས་ཀྱིས་མིག་སྔར་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་དུ་ལེ་པཱ་ནུན་གྱི་རོགས་སྐྱོར་རྒྱལ་ཁབ་ཀྱི་གྲོས་ཚོགས་ལ་ཞུགས་བཞིན་ཡོད་པ་དང་། ཁོས་གྲོས་ཚོགས་ཀྱི་བར་མཚམས་ནས་ལེ་པཱ་ནུན་གྱི་གསར་འགོད་པར་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་སྐོར་ཁག་མང་བོ་ལེ་པཱ་ནུན་དུ་ཐོན་པ་ནས་བཟུང་། ལེ་པཱ་ནུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་ཁས་ལེན་ཐོབ་ཡོད་ཀྱང་། དོན་དམ་པར་ལག་ཏུ་འབྱོར་བའི་རོགས་སྐྱོར་ཧ་ཅང་ཉུང་ཟེར།

སཱ་ཧྥ་ཏིས་ཀྱིས་བཤད་རྒྱུར། ལེ་པཱ་ནུན་གྱིས་རོགས་སྐྱོར་རྒྱལ་ཁབ་ལ་སྤྲད་པའི་ཡིག་ཆའི་ནང་སི་རི་ཡཱའི་ཡུལ་གྱར་བ་མང་བོས་ལེ་པཱ་ནུན་ལ་བཟོས་པའི་དཀའ་ཁག་དང་། ལེ་པཱ་ནུན་གྱིས་ཡུལ་གྱར་བ་དེ་དག་ལ་དགོས་ངེས་ཀྱི་རོགས་སྐྱོར་བྱས་པ་གསལ་བཤད་བྱས་ཡོད་ལ། གྲོས་ཚོགས་ནས་རོགས་སྐྱོར་རྒྱལ་ཁབ་ཀྱིས་དུས་རིམ་བགོས་ནས་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གཏན་འབེབས་བྱས་ཡོད་ཟེར།

རོགས་སྐྱོར་མ་དངུལ་ཐད་ནས་ཚོགས་ཞུགས་མཁན་དག་གིས་ལེ་པཱ་ནུན་ལ་དངུལ་བུན་བསྐྱི་འདོད་པ་ཙམ་ལས་ལེ་པཱ་ནུན་ལ་མཁོ་བའི་ཞལ་འདེབས་མ་དངུལ་ཁས་ལེན་བྱས་མེད། དེ་བས་ཁོས་བཤད་རྒྱུར། རྒྱལ་ཁབ་རེ་འགས་ང་ཚོར་དངུལ་བུན་བསྐྱིས་ནས་སི་རི་ཡཱའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་པའི་གྲོས་གཞི་བཏོན་ཡང་ང་ཚོས་དང་ལེན་མ་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག