མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་གི་ནུས་ཁུངས་ཚོགས་ཆེན་སྐབས་ཉེར་གཉིས་པ་ཧན་གོའི་ཏཱ་ཆིག་ནས་ཚོགས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་གི་ནུས་ཁུངས་ཚོགས་ཆེན་སྐབས་ཉེར་གཉིས་པ་ཚེས13ཉིན་ཧན་གོའི་ཏཱ་ཆིག་ནས་ཚོགས་པ་དང་། ཚོགས་ཞུགས་མཁན་གྱིས་ནུས་ཁུངས་ལས་རིགས་ཀྱི་བཅོས་བསྒྱུར་དང་། ནུས་ཁུངས་བཟོ་ལས་ཀྱི་འཐབ་ཇུས་དང་སྲིད་ཇུས་ཐད་ནས་གྲོས་བསྡུར་བྱས་ཏེ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས།

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་སང་ཉིན་གྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་པ་དེ་ཡིན། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཅུའི་ནུས་ཁུངས་ལས་རིགས་ཀྱི་སྣེ་ཁྲིད་པ་དང་། སྲིད་གཞུང་གི་མཐོ་རིམ་དཔོན་རིགས། སྤྱི་བའི་ལས་དོན་དང་ཁེ་ལས་ཀྱི་ཆེད་མཁས་པ་བཅས་ཀྱི་འཐུས་མི་སྟོང་དྲུག་ལྷག་ཚོགས་འདུར་ཞུགས་པ་དང་། དེའི་ནང་ནུས་ཁུངས་སྡེ་ཁག་གི་པུའུ་ཀྲང་དང་པུའུ་ཀྲང་གཞོན་པ་ལྔ་བཅུ་ལྷག་ཡོད།

འཛམ་གླིང་གི་ནུས་ཁུངས་ཚོགས་ཆེན་ནི་ནུས་ཁུངས་ཁྱབ་ཁོངས་ཀྱི་གཞི་རྒྱ་ཆེས་ཆེ་ཞིང་། ཤུགས་རྐྱེན་ཆེས་ཆེ་བའི་གྲོས་ཚོགས་ཤིག་ཡིན་ཞིང་། འཛམ་གླིང་ནུས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཏེ་ལོ་གསུམ་ནང་ཐེངས་རེ་སྤེལ་བཞིན་ཡོད། ཐེངས་འདིའི་གྲོས་ཚོགས་ནི་གཅིག་སྟོང་དགུ་བརྒྱ་ཉེར་བཞི་ལོར་སྐབས་དང་པོའི་འཛམ་གླིང་གི་ནུས་ཁུངས་ཚོགས་ཆེན་བསྡུས་པའི་ཚུན་ལ། ཐེངས་གཉིས་པར་ཨེ་ཤ་ཡཱའི་རྒྱལ་ཁབ་ཏུ་སྤེལ་བ་རེད།

ཐེངས་འདིའི་གྲོས་ཚོགས་དེ་ཚེས17ཉིན་གྲོལ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག