མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁ་ན་ཏའི་སྐྱེས་མ་རྩོམ་པ་པོ་ཨེ་ལེའུ་སུ་མེན་ལོ་ལ2013ལོའི་ནོར་ཝེལ་རྩོམ་རིག་བྱ་དགའ་ཐོབ་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-14 10:19

3333.jpg

ཁ་ན་ཏའི་སྐྱེས་མ་རྩོམ་པ་པོ་ཨེ་ལེའུ་སུ་མེན་ལོ་ལ2013ལོའི་ནོར་ཝེལ་རྩོམ་རིག་བྱ་དགའ་ཐོབ་པ། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས10ཉིན་གྱི་པེ་ཅིན་གྱི་དགོང་མོའི་ཆུ་ཚོད་བདུན་གྱི་སྟེང་སུའུ་ཏེན་གོང་མ་ཚང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། 2013ལོའི་ནོར་ཝེལ་རྩོམ་རིག་བྱ་དགའ་ཁ་ན་ཏའི་སྐྱེས་མ་རྩོམ་པ་པོ་ཨེ་ལེའུ་སུ་མེན་ལོ་ལ་ཐོབ་ཡོད་པ་རེད།

    ཨེ་ལེའུ་སུ་མེན་ལོ་ལགས་ཀྱིས་ན་ཆུང་དུས་ནས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འབད་ཅིང་། དགུང་ལོ་བརྒྱད་ཅུར་འབུད་རག་བར་དུ་རྒྱུན་བསྐྱངས་པ་རེད། ཁོ་མོ་ནི་ད་ཡོད་མིའི་རིགས་ཀྱི་སྒྲུང་ཐུང་རྩོམ་མཁན་གྱི་ཅོད་པན་ལྟ་བུ་ཡིན་པ་སྟེ། འགའ་རེས་མོས་བྲིས་པའི་སྒྲུང་ཐུང་ཤོག་ངོས་སུམ་ཅུ་ཟིན་པ་ཙམ་གྱིས་ཀྱང་སྒྲུང་རིང་གི་ནང་དོན་བརྗོད་ཐུབ་ཅེས་གདེངས་འཇོག་ཚད་མཐོན་པོ་གནང་གིན་ཡོད།

    ཁོ་མོས་སྒྲུང་གཏམ་གྱི་བརྗོད་དོན་གཙོ་བོ་བུད་མེད་ཀྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་མཚོན་པ་དང་།  ཁོ་མོས་རང་གི་མ་ཡུམ་ནི་སྒྲུང་གཏམ་གྱི་གལ་ཆེའི་འབྱུང་ཁུངས་དང་དཔེ་མཚོན་ས་གཅིག་པུ་ཡིན་པར་བཤད་ཡོད་པ་རེད།

    རེབ་འདིར་སུའུ་ཏེན་གོང་མ་ཚང་གིས་མོ་ལ་དེང་རབས་སྒྲུང་ཐུང་གི་གསེར་ཏོག་ཅེས་པའི་མཚན་སྙན་གནང་ནས་་བྱ་དགའ་དེ་བྱིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག