མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་རྒྱང་སྒྲོག་བརྙན་འཕྲིན་ཐོག་ཁང་ཆེན་མོར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:18

1.jpg

སྤྱི་ཟླ10བའི་ཚེས13ཉིན་གྱི་དགོང་མོར། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་སི་རི་ཡཱའི་རྒྱང་སྒྲོག་བརྙན་འཕྲིན་ཐོག་ཁང་ཆེན་མོར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་རྗེས། བྱ་བའི་མི་སྣས་ཡུལ་དངོས་གཙང་ཕྱགས་བྱེད་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ས་ཏཱ་མཱ་ཧྲི་ཀིའི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་སི་རི་ཡཱའི་རྒྱང་སྒྲོག་བརྙན་འཕྲིན་ཐོག་ཁང་ཆེན་མོར་ཚེས13ཉིན་གྱི་དགོང་མོར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། དུས་ཚོད་ངེས་ཅན་ཞིག་ལ་སི་རི་ཡཱའི་གསར་འགྱུར་བརྙན་འཕྲིན་ཁང་གི་ལེ་ཚན་གཏོང་མཚམས་ཆད།

    སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇིགས་སྐུལ་ཉེས་ཅན་གྱིས་བསྐོར་ཡོང་བའི་རླངས་འཁོར་གཉིས་ཉིན་དེའི་དགོང་མོར་གྲོང་ཁྱེར་ལྟེ་གནས་ཀྱི་བུའུ་མེད་ཡེ་ཐང་ཆེན་འགྲམ་གྱི་རྒྱང་སྒྲོག་བརྙན་འཕྲིན་ཐོག་ཁང་ཆེན་མོའི་ཉེ་འདབས་ནས་འགས་གཏོར་བཏང་སྟེ། ཐོག་ཁང་དེའི་ནང་ཡོད་པའི་སི་རི་ཡཱའི་གསར་འགྱུར་བརྙན་འཕྲིན་ཁང་གི་ལེ་ཚན་གཏོང་མཚམས་ཆད་པ་དང་། དེའི་རྗེས་སུ་སི་རི་ཡཱའི་གསར་འགྱུར་བརྙན་འཕྲིན་ཁང་གི་ལེ་ཚན་སླར་གསོ་བྱས་ཟེར།

    ཡུལ་དངོས་ཀྱི་ལས་བྱེད་མི་སྣས་བཤད་རྒྱུར། ཚོད་དཔག་བྱས་ན་ཐེངས་འདིའི་འགས་གཏོར་ལ་འགད་རྫས་སྤྱི་རྒྱ་བརྒྱ་བཀོལ་ཡོད་ཀྱང་། འཇབ་རྒོལ་མཁན་ལས་མི་གཞན་པར་ཤི་རྨས་ཐེབས་མེད་ཟེར།

    སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་ཡང་ཐོག་ཁང་དེའི་ནང་ཡོད་ཀྱང་། བརྙན་འཕྲིན་ཁང་དེའི་ལེ་ཚན་ལ་གནོད་པ་ཐེབས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག