མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་བདུན་སི་རི་ཡཱ་ནས་བཙན་ཁྲིད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་བདུན་སི་རི་ཡཱ་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་བཙན་ཁྲིད་བྱས་ཟེར།

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། མི་བདུན་པོ་དེའི་ནང་མི་དྲུག་རྩ་འཛུགས་དེའི་ལས་བྱེད་མི་སྣས་དྲུག་དང་སི་རི་ཡཱའི་ཟླ་གསར་དམར་པོ་ཚོགས་པའི་ཁོངས་མི་གཅིག་ཡོད་ཟེར།

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་དྲག་ཆས་ཉེས་ཅན་གྱིས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཙན་ཁྲིད་བྱས་པའི་མི་སྣ་དེ་བདུན་པོ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག