མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམིགས་བསལ་གྲོས་ཚོགས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁུན་ནེ་ཡཱའི་མགོ་ཁྲིད་པའི་འདྲི་གཅོད་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམིགས་བསལ་གྲོས་ཚོགས་ཚེས12ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་གྲོལ། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་གྲོས་མོལ་བྱས་ཏེ་གཅིག་གྱུར་གྲོས་མཐུན་བྱུང་བ་དང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁུན་ནེ་ཡཱའི་མགོ་ཁྲིད་པའི་འདྲི་གཅོད་རྗེས་སུ་སྣུར་ནས། ཁུན་ནེ་ཡཱའི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་ལ་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཧེར་མཱ་ལི་ཡཱ་མུའུ་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་སྟེང་ཚོགས་ཞུགས་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ནན་ཏན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ཤིང་། རྒྱལ་སྤྱིའི་རྒྱུན་སྲོལ་བརྩི་སྲུང་བྱས་ཏེ། ལས་འགན་ཁུར་བཞིན་པའི་སྲིད་གཞུང་གི་མགོ་གཙོར་འདྲི་གཅོད་བྱེད་མི་རུང་བའི་རེ་བ་བཏོན། ཁོས་བཤད་རྒྱུར། ཁྲིམས་ཁང་གི་སྒྲིག་ལམ་སྲུང་ཆེད་ཁོངས་གཏོགས་རྒྱལ་ཁབ་དག་གི་བརྟན་འཇགས་དང་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་བལྟས་ན། རྒྱལ་སྤྱིའི་ཁྲིམས་འཛིན་ལས་ཁུངས་གང་ཡིན་ཡང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འགན་ཁུར་བཞིན་པའི་མགོ་ཁྲིད་པར་འདྲི་གཅོད་བྱེད་མི་རུང་བར་འདོད་ཡོད་ཟེར།

ཧེར་མཱ་ལི་ཡཱ་མུའུ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་ས་ཁུལ་ལྔའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་གྲུབ་པའི་འབྲེལ་གཏུག་ཚན་ཆུང་ཞིག་བཙུགས་ཏེ། ཨ་ཧྥེ་རི་ཁ་མནའ་འབྲེལ་དང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འབྲེལ་བའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་། ཁྱད་པར་དུ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་བར་འབྲེལ་འདྲིས་བྱེད་པའི་འགན་འཁུར་རྒྱུ་ཡིན་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག