མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ལས་ཁུངས་ཀྱི་སྙན་ཞུ་ལས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་འཐབ་འཁྲུག་ནག་ཉེས་བཟོས་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:33

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཚེས11ཉིན་སྙན་ཞུ་སྤེལ་ཏེ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་རེ་འགས་མི་སེར་དཀྱུས་མ་དམར་གསོད་བཏང་བ་དང་། བུད་མེད་དང་བྱིས་པ་བཙན་ཁྲིད་བྱས་ཏེ་འཐབ་འཁྲུག་གི་ནག་ཉེས་བསགས་ཡོད་པར་མ་ཟད། ཐ་ན་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཀྱང་བཟོས་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། དྲག་ཤུགས་བྱ་སྤྱོད་དེ་དག་གཙོ་བོ་ད་ལོའི་ཟླ8པའི་ཚེས4ཉིན། སི་རི་ཡཱའི་མཚོ་འགྲམ་དུ་ཡོད་པའི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་གྱི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་སྡེ་བ་བཅུ་ལྷག་ནས་བྱུང་བ་ཡིན་པ་དང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སྡེ་བ་དེ་དག་བཙན་བཟུང་བྱས་རྗེས། ཉུང་མཐར་ཡང་མི་སེར་དཀྱུས་མ190བསད་པ་དང་། མི200བཙན་ཁྲིད་བྱས་པ་དང་། མང་ཤོས་ནི་བུད་མེད་དང་བྱིས་པ་རེད་ཟེར།

དོན་རྐྱེན་དེ་བྱུང་ནས་ཟླ་ངོ་གཅིག་འགོར་རྗེས། འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གི་ཁོངས་མིས་སྡེ་བ་དེ་དག་ལ་འཚམས་འདྲི་བྱས་ཤིང་། སྲོག་ཉེན་ལས་ཐར་བའི་མི་སོ་ལྔ་དང་རྒུད་སྐྱོབ་མི་སྣ་རེ་འགར་འཚམས་འདྲི་བྱས་ཏེ། ཤོག་ངོས་བརྒྱ་དང་ལྔ་ཡོད་པའི་སྙན་ཞུ་དེ་བྲིས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག