མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མྱུར་བགྲོད་གཞུང་ལམ་འགྲམ་བརྒྱུད་ཀྱི་སྡེ་བ40ལྷག་བདག་ཏུ་བཟུང་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:33

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས12ཉིན་ཁྱབ་སྒྲོག་བྱས་དོན། ཧཱ་མཱ་ནས་ཨ་ལེ་ཕའོ་བར་གྱི་མྱུར་བགྲོད་གཞུང་ལམ་འགྲམ་བརྒྱུད་ཀྱི་སྡེ་བ40ལྷག་བདག་ཏུ་བཟུང་ཡོད་ཟེར།

དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་ལམ་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་ནས་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་བར་གྱི་གཞུང་ལམ་བདེ་འཇགས་སླར་གསོ་བྱས་པ་དང་། ཚེས་བཅུ་གཉིས་ཉིན་བར། མྱུར་བགྲོད་གཞུང་ལམ་དེའི་འགྲམ་བརྒྱུད་ཀྱི་སྡེ་བ་བཞི་བཅུ་ལྷག་བདག་ཏུ་བཟུང་ཏེ། འཇིགས་སྐུལ་ཉེས་ཅན་གྱི་ས་དེའི་འགོག་སྲུང་འཐབ་རར་གཏོར་བཤིག་བཏང་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། གཞུང་ལམ་གཙོ་བོ་དེ་དང་དེའི་ཉེ་འཁོར་གྱི་གྲོང་སྡེའི་བདེ་འཇགས་སླར་གསོ་བྱས་པ་དེ་སྲིད་གཞུང་དམག་དཔུང་དང་སྡོད་དམངས་ཀྱིས་གོང་གི་ས་གནས་དེ་གཉིས་བར་དངོས་རྫས་སྐྱེལ་འདྲེན་བྱེད་པར་ཕན་པ་ཡོད་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་ལམ་འགྲམ་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཐོབ་ཐུབ་པར་འདོད།

དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཏཱ་མཱ་ཧྲི་ཀི་དང་ཉེ་འཁོར་ས་ཁུལ་གྱི་གཡུལ་ས་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས། སྲིད་གཞུང་དམག་དཔུང་གིས་འཇིགས་སྐུལ་རྩ་འཛུགས་ཀྱི་དྲག་ཆས་ཚོགས་ཁག་ལ་དམིགས་པའི་དམག་དོན་འགུལ་སྐྱོད་རབས་དང་རིམ་པ་སྤེལ་རྗེས། ཏཱ་མཱ་ཧྲི་ཀིའི་ཁཱ་པིན་ས་ཁུལ་དང་། པར་ཀྲ་ས་ཁུལ། ཀྲུའུ་པར་ས་ཁུལ་སོགས་སུ་འགུལ་སྐྱོད་བྱེད་པའི་འཇིགས་སྐུལ་ཉེས་ཅན་ལ་ཤི་རྨས་ཚབས་ཆེན་བཟོ་ཡོད།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གསར་བརྗེའི་སྤྱིའི་མཐུན་སྦྱོར་ལས་ཁུངས་ཀྱིས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཏཱ་མཱ་ཧྲི་ཀིའི་ཡཱ་མུའུ་ཁི་ཡུལ་གྱར་བའི་སྒར་ས་དང་ཧེ་ཧྲི་ས་ཁུལ་སོགས་སུ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག