མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་བྱང་ཕྱོགས་ས་ཁུལ་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི14རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:33

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས12ཉིན་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ120སར་ཡོད་པའི་སཱ་མེད་ལཱ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་། མི22ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་ཉེན་རྟོག་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཚེས12ཉིན་གྱི་དགོང་མོར། དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་སཱ་མེད་ལཱ་གྲོང་ཁྱེར་ལྟེ་གནས་ཀྱི་མི་མང་འདུས་སའི་ཚོང་ར་ཞིག་ལ་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས། སྐབས་ཐོག་དེར་དབྱི་རག་གི་མང་ཚོགས་མང་བོས་ཚོང་ར་དེར་མཁོ་དངོས་ཉོས་ཏེ། ཐོན་ལ་ཉེ་བའི་དམར་མཆོད་དུས་ཆེན་ལ་གྲ་སྒྲིག་བྱེད་བཞིན་ཡོད། དེ་བས་འགས་གཏོར་དེ་ལས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག