མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:33

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས11ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཉིན་དེར་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ་དང་། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་གྱི་གྲོས་མོལ་ཐད་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱར་ཀྲ་དབྱེ་དང་གྲོས་མོལ་བྱེད་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་ལེ་ཚེས11ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་འབྱོར་བ་དང་། འཚམས་འདྲི་བྱེད་སྐབས་སུ་ཁཱར་ཀྲ་དབྱེ་དང་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་མྱུར་དུ་འགོད་པར་གྲོས་བསྡུར་བྱེད་རྒྱུ་རེད། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ད་རུང་ཁི་ལེའི་འཚམས་འདྲིའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གིས་ད་ལོའི་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་གྲོས་མཐུན་དེ་འགོད་པར་རེ་བས་ཁེངས་ཡོད་ཟེར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་རྒྱལ་ཁབ་རང་གི་ཁེ་ཕན་ལ་འགན་སྲུང་ཐོབ་རག་བར་གྲོས་མཐུན་དེ་འགོད་མི་སྲིད་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག