མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་དམག་གྲུ་བྱང་ཆིངས་རྩ་འཛུགས་ཀྱི་མཚོ་ཇག་ལ་རྒོལ་བའི་འགུལ་སྐྱོད་ནང་ཞུགས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:46

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་སྤྱི་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས10ཉིན་བཤད་རྒྱུར། བུའུ་ཁི་ལན་གྱི་དམག་གྲུ་ཞིག་བྱང་ཆིངས་རྩ་འཛུགས་ཀྱི་ཡཱ་ཏེན་མཚོ་ཁུགས་ཀྱི་རྒྱ་མཚོའི་ཕུབ་ཅེས་པའི་མཚོ་ཇག་ལ་རྒོལ་བའི་འགུལ་སྐྱོད་ནང་ཞུགས་ཟེར།

2008ལོ་ནས་བཟུང་། རྒྱ་མཚོའི་ཕུབ་ཅེས་པའི་འགུལ་སྐྱོད་ཀྱིས་ཡཱ་ཏེན་མཚོ་ཁུགས་ནས་སོ་མཱ་ལིའི་མཚོ་ཇག་ལ་རྒོལ་ལན་སྤྲད་དེ་འགྲོ་འོང་གི་གྲུ་གཟིངས་ལ་སྲུང་སྐྱོབ་བྱས། བྱང་ཆིངས་རྩ་འཛུགས་ཀྱིས2012ལོའི་ཟླ3པར་འགུལ་སྐྱོད་དེའི་སྤེལ་ཡུན2014ལོའི་ལོ་མཇུག་བར་དུ་ཇེ་རིང་དུ་བཏང་།

བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་སྔོན་མའི་ཚེས24ཉིན་ཁྱབ་སྒྲོག་བྱས་དོན། བུའུ་ཁི་ལན་མཚོ་དམག་གི་དམག་གྲུ་ཞིག་རྒྱ་མཚོའི་ཕུབ་ཅེས་པའི་འགུལ་སྐྱོད་ནང་ཞུགས་རྒྱུ་ཡིན་པ་དང་། གྲུ་གཟིངས་དེས་ཉུང་མཐར་ཡང་མཚོ་དམག་ཉིས་བརྒྱ་དང་ལྔ་བཅུ་དང་གྱེན་འཕུར་གནམ་གྲུ་གཅིག་དྲུད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག