མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱི་མཐོ་རིམ་མགོ་བ་འཛིན་བཟུང་བྱས་པ་བདེན་དཔང་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-12 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས11ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་དམག་དོན་འགུལ་སྐྱོད་ཅིག་སྤེལ་སྐབས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་མགོ་བ་ཞིག་འཛིན་བཟུང་བྱས་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཧཱ་ཨར་ཧྥུའུ་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་དམག་དོན་འགུལ་སྐྱོད་ཅིག་སྤེལ་སྐབས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་འཇིགས་སྐུལ་ཉེས་ཅན་གྱི་མགོ་བ་ལཱ་ཏིས་ཧྥུའུ་མཱ་ཧཱ་སུའུ་ཏི་འཛིན་བཟུང་བྱས་པ་དང་། ཁོ་ནི་དྲག་ཆས་རྩ་འཛུགས་དེའི་མཐོ་རིམ་བཀོད་འདོམ་དཔོན་པོ་ཞིག་ཡིན་པར་མ་ཟད། རྩ་འཛུགས་དེའི་མགོ་བ་ཧཱ་ཅི་མུའུ་ལཱ་མཱ་ཧཱ་མུའུ་ཏི་ཡི་བློས་ཐུབ་གྲོགས་པོ་ཡང་རེད་ཟེར།

ཧཱ་ཨར་ཧྥུའུ་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་ལོའི་ཉིག་ཡོ་དུས་སྐབས་ཚགས་པར་ཐང་ཆེན་གྱི་འགས་གཏོར་འཇབ་རྒོལ་གྱི་གཡོ་ཇུས་དང་། ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཚང་མ་རྩ་འཛུགས་དེས་བྱས་པ་ཡིན་ལ། རྩ་འཛུགས་དེས་ད་རུང་ཡང་བསྐྱར་ཨ་མེ་རི་ཁའི་རྒྱལ་ཁོངས་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཞེས་སྒྲོག་བཞིན་ཡོད་ཟེར།

ཧཱ་ཨར་ཧྥུའུ་ཡིས་ཉིན་དེར་ཐེངས་འདིའི་དམག་དོན་འགུལ་སྐྱོད་སྤེལ་བའི་དུས་ཚོད་དང་ས་གནས་སོགས་ཞིབ་ཏུ་མ་གླེང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག