མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཨན་པའེ་ཅིན་སན་གྱིས་ད་ལོའི་སྟོན་ཁའི་རྒྱུན་ལྡན་གྱི་མཆོད་འབུལ་ཆེན་མོའི་སྐབས་སུ་ཅིན་གོ་ལྷ་ཁང་ལ་མཇལ་མི་རུང་བའི་རེ་བ་བཏོན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-11 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་འདིའི་ཚེས17ཉིན་གྱི་སྟོན་ཁའི་རྒྱུན་ལྡན་གྱི་མཆོད་འབུལ་ཆེན་མོ་ཐོན་ལ་ཉེ་བ་དང་བསྟུན་ནས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་མིན་དེ་ཡང་བསྐྱར་ཀུན་གྱིས་དོ་སྣང་བྱེད་པའི་གཞི་གླེང་གཙོ་བོ་ཞིག་ཏུ་གྱུར།

རང་དབང་དམངས་གཙོ་ཏང་དང་མཉམ་འབྲེལ་གྱིས་སྲིད་སྐྱོང་བའི་ཀུང་མེན་ཏང་གི་མགོ་གཙོ་ཧྲན་ཁུག་ནཱ་ཅིན་ནན་གྱིས་ཚེས10ཉིན་བསྐྱར་སྒྲོག་བྱས་དོན། དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་བསམ་བློ་བཏང་སྟེ། ཅིན་གོ་ལྷ་ཁང་གི་སྟོན་ཁའི་རྒྱུན་ལྡན་གྱི་མཆོད་འབུལ་ཆེན་མོའི་སྐབས་སུ་མཇལ་ཕྱག་བྱེད་མི་རུང་བའི་རེ་བ་བཏོན། ཧྲན་ཁུག་ནཱ་ཅིན་ནན་གྱིས་བསྟན་དོན། དེའི་སྔོན་དབུ་བཞུགས་བློན་ཆེན་གྱིས་ནམ་རྒྱུན་ཕྱོགས་སོ་སོའི་གནས་ཚུལ་ལ་བསམ་བློ་བཏང་བ་དང་། ཐེངས་འདིར་ཡང་ཆེ་ཕྱོགས་ལ་བསམ་བློ་བཏང་སྟེ་ཐབས་མཁས་ཀྱིས་ཐག་གཅོད་བྱེད་དགོས་ཟེར། ཁོས་བལྟས་ན། སྔོན་ཆད་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པའི་གནས་ཚུལ་ལས་ཕྱི་འབྲེལ་གནད་དོན་བྱུང་བའི་སྔར་སྲོལ་ཡོད་པས། དཔོན་རིགས་རྣམས་ཀྱིས་དེར་བསམ་བློ་ཡག་པོ་གཏོང་དགོས་པར་བསམ་ཡོད་ཟེར། འཇར་པན་གྱི་ནེ་ཀིའི་དཔོན་པོ་ཅན་དབྱེ་ཝེ་ཡིས་ཚེས་བཅུ་ཉིན་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨན་པའེ་ཅིན་སན་གྱིས་སྟོན་ཁའི་རྒྱུན་ལྡན་གྱི་མཆོད་འབུལ་ཆེན་མོའི་སྐབས་སུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་མིན་ལ་བརྡར་གཅོད་ཡང་དག་བྱེད་དགོས་ཟེར།

འཇར་པན་གྱི་གསར་འགྱུར་ལས་རིགས་མང་བོས་བལྟས་ན། ཨན་པའེ་ཅིན་སན་གྱིས་ད་ལོའི་སྟོན་ཁའི་རྒྱུན་ལྡན་གྱི་མཆོད་འབུལ་ཆེན་མོའི་སྐབས་སུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་མི་སྲིད་པར་འདོད་ཡོད། འཇར་པན་གྱི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་ཉིན་དབྱེ་ཞིབ་བྱས་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་པའི་བསམ་བློར་འགྱུར་ལྡོག་བྱུང་མེད་ཀྱང་། ཁོས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་དང་གྲོས་མོལ་བྱེད་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་རེ་བས་ཁེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག